མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཞིབ་དཔྱོད་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-16 16:06:27 

ཟླ5པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཞིབ་དཔྱོད་ཁང་གིས་བརྟག་དཔྱད་ཞིབ་འཇུག་དར་སྤེལ་གཏོང་རྒྱུ་དེ་གནད་དོན་གསར་བ་རྟོགས་པར་བྱེད་པ་དང་དཀའ་གནད་ལས་ཐར་བའི་བྱེད་ཐབས་སུ་བྱས་ཏེ། ཞིབ་དཔྱོད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་གཞི་རྩའི་བྱེད་ཐབས་གལ་ཆེན་དམ་འཛིན་དངོས་སྒྲུབ་དང་། བརྟག་དཔྱད་ཞིབ་འཇུག་གི་རྣམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་། སྲིད་ཁྲིམས་བྱ་བ་དང་མཚོ་སྔོན་གྱི་བྱ་བ།  ཞིབ་དཔྱོད་བྱ་བ་བཅས་ཐད་ཀྱི་གསུངས་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་ཞིབ་དཔྱོད་ཁང་བཅས་ཀྱི་བརྟག་དཔྱད་ཞིབ་འཇུག་དར་སྤེལ་གཏོང་བའི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་བཀག་འགོག་དང་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ལ་བསམ་གཞིགས་ཞིབ་མོ་དང་འཚོལ་ཞིབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དར་སྤེལ་གཏོང་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། གཙོ་གནད་རྟོག་ཞིབ་རྣམ་གྲངས་སུམ་ཅུ་གཏན་ཁེལ་བྱས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་ནས་གནས་ཚུལ་གསར་བར་ཞིབ་འཇུག་དང་། དཀའ་གནད་གསར་བ་ཐག་གཅོད། ཉམས་མྱོང་གསར་བ་སྤྱི་སྡོམ། ཆོས་ཉིད་གསར་བ་འཚོལ་ཞིབ་བཅས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་འབད་བརྩོན་བྱས།

མི་དམངས་བསམ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས། བརྟག་དཔྱད་ཞིབ་འཇུག་བྱེད་ན་མང་ཚོགས་དང་ཉེ་བར་བཅར་བ་དང་གཞི་རིམ་དུ་བསྐྱོད་ནས། མང་ཚོགས་ཀྱི་ཁྲིམས་སྐྱོང་དང་དྲང་བདེན། དྲང་བཞག བདེ་འཇགས་ཁོར་ཡུག་སོགས་ཕྱོགས་ཀྱི་དགོས་མཁོ་གསར་བ་དང་རེ་བ་གསར་བར་རྒྱུས་ལོན་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཁྲིམས་བསྟར་ཁྲིམས་འཛིན་གྱི་འབུར་ཐོན་གནད་དོན་དངོས་སུ་ཐག་བཅད། གྱོད་དོན་སྒྲུབ་ཞོར་ལྟ་སྐུལ་བྱེད་པ་དང་ལྟ་སྐུལ་བྱེད་ཞོར་གྱོད་དོན་སྒྲུབ་པ་སོགས་ཀྱི་དུས་རབས་གསར་བའི་ཞིབ་དཔྱོད་འདུ་ཤེས་སྔར་ལས་གནད་ཁེལ་དང་ཡང་དག་སྒོས་དངོས་འབེབས་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་སྲུང་བྱེད་པ། ནག་འཇོམས་ངན་སེལདང་། དམངས་དོན་ཞུ་གཏུག  སྲིད་འཛིན་རྩོད་གླེང་ངོ་བོའི་རང་བཞིན་གྱིས་སེལ་བ། ཁྲིམས་འཛིན་རོགས་སྐྱོབ། མང་ཚོགས་ཀྱི་འཕྲིན་བཅར་ལ་ཨ་ལན་ཡོད་པ་སོགས་ཞིབ་དཔྱོད་ཀྱིས་མི་དམངས་བསམ་པའི་ལས་དོན་ཏན་ཏིག་དངོས་སྒྲུབ་དང་ཕན་འབྲས་ལྡན་པར་བྱས།

གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས། བརྟག་དཔྱད་སྐབས་སུ་རང་ཞིང་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱེད་པའི་ཁྲོད་ཀྱི་བར་ཁྱད་དང་། ཞིབ་དཔྱོད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་བཟོ་བའི་དཀའ་གནད། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་བཅས་དམིགས་སུ་བཟུང་། བརྟག་དཔྱད་ཁྲོད་བསྡུ་ལེན་དང་ཤེས་རྟོགས་བྱུང་བའི་གནད་དོན་ལ་གནད་དོན་གསལ་ཁྲ་དང་འགན་འཁྲིའི་གསལ་ཁྲ། ལས་འགན་གསལ་ཁྲ་བཅས་གསལ་ཁྲ་གསུམ་གྲུབ་པར་བྱས་ཏེ། གནད་དོན་གསེད་བཀྲོལ་བྱེད་སྐབས་དོན་དངོས་ཤེས་རྟོགས་དང་ཞིབ་འཇུག་གཏིང་ཟབ། གནད་ས་ཡང་དག་བཙལ་ནས་ཐབས་ཇུས་འདོན་སྤྲོད་བྱས།

རྣམ་གྲངས་ཅན་གྱི་སྐུལ་སྤེལ་རྒྱུན་འཁྱོངས་བྱས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་བརྟག་དཔྱད་ཞིབ་འཇུག་སྤེལ་བ། ཚན་ཁག་གི་ཁོངས་མི་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་རེ་རེ་བཞིན་གཙོ་གནད་ཞིབ་འཇུག་བྱ་གཞི་གཅིག་དང་གཉིས་ལ་སྣེ་ཁྲིད་ནས་བརྟག་དཔྱད་བྱས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས་མཉམ་ལས་སྟེགས་བུ་བསྐྲུན་པ་དང་། མཐོ་རིམ་སློབ་གྲྭའི་ཁྲིམས་རིག་པའི་ཆེད་མཁས་དགེ་རྒན་གདན་ཞུ་བྱས་ཏེ་ཞིབ་དཔྱོད་རྟོག་ཞིབ་ཁྲོད་ཞུགས་པ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ལས་བྱེད་དང་གྱོད་སྒྲུབ་ཚན་ཆུང་གིས་གྱོད་དོན། ལས་དོན། གནད་དོན་བཅས་ལ་སྐུལ་ཁྲིད་བྱེད་པའི་རྟོག་ཞིབ་མཛུབ་སྟོན་བྱ་བའི་བྱེད་ཐབས་གཏན་འབེབས་བྱས་ནས། རྙོག་འཛིང་སེལ་དཀའི་གྱོད་དོན་སྒྲུབ་པར་མཛུབ་སྟོན་ཞིབ་འཇུག་བྱས། རྟོག་ཞིབ་ཀྱི་རྨང་གཞིའི་སྟེང་། རྟོག་ཞིབ་མཇུག་འབྲས་དེ་རྣམ་གྲངས་འཁོར་སྐྱོད་ཀྱི་གསལ་ཁྲ་རུ་བསྒྱུར་ནས། སྤུད་ཚད་མཐོ་བའི་བརྟག་དཔྱད་གྲུབ་འབྲས་ཁག་ཅིག་གྲུབ་པར་བྱེད་པ་དང་། བེད་སྤྱོད་དང་ལག་བསྟར་བྱེད་ཆོག་པའི་འགུལ་སྐྱོད་ཇུས་གཞི་སྐོར་ཞིག་གཏན་འབེབས་བྱས་ཏེ། དོན་དངོས་དང་མཐུན་ཞིང་དངོས་གཉེར་ཕན་ཡོད་ཀྱི་ལམ་ལུགས་རྐྱེན་སྲོལ་དང་སྲིད་ཇུས་བྱེད་ཐབས་ཁག་ཅིག་གྲུབ་པར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།