མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-16 16:06:27 

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས“གོམ་སྟབས་ལྔར”བརྟེན་ནས་ཁྱོན་ཡོངས་ནས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

ཟླ5པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཏང་ཙུའུ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “ཁེ་ལས་ལ་ཞབས་འདེགས་ཞུ་བ་ནི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་བརྟན་པོ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་ཁེ་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་འོས་འགན་གཙོ་བོར་བརྩིས་ཏེ། ཆེད་དོན་ཞིབ་འཇུག་བཀོད་སྒྲིག་དང་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གཏན་འཁེལ། ཆེད་དོན་འཛིན་གྲྭའི་ཆེད་དོན་བརྟག་དཔྱད་ཞིབ་འཇུག ཞིབ་འཇུག་གཏིང་ཟབ་བྱས་ནས་དཀའ་གནད་ཐག་གཅོད་བྱེད་པ། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཀྱི་གོམ་སྟབས་ལྔ་ལ་བརྟེན་ནས། འཚམས་འདྲི་ཆེན་མོ་དང་བརྟག་དཔྱད་ཞིབ་འཇུག་ཆེན་མོ། རྩད་ཞིབ་ཆེན་མོ། མཁྲེགས་གཏོར་ཆེན་མོ་བཅས་ལ་སྐུལ་འདེད་བཏང་།

ཏང་ཙུའུ་དང་ཏང་ཨུས་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཐིང་དང་ཨུ་ཡོན་ལྷན་ཁང་གི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བླང་བྱར་དམིགས་པ་དང་འགན་འཁྲི་གཙོ་བོར་དམིགས་པ། ཁེ་ལས་ཀྱི་རེ་ཞུ་ལ་དམིགས་པ་བཅས་བྱས་ཏེ། ལས་ཀའི་ཇུས་གཞི་བཟོ་བ་དང་ཇུས་འགོད་ཞིབ་ཚགས་བྱེད་པ། བླང་བྱ་ནན་མོ་འདོན་པ། སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས། ཏང་ཙུའུ་དང་ཏང་ཨུ་ཡིས“འགན་འཁྲི་གཉིས”ལག་བསྟར་ནན་མོ་བྱས་པ་དང་། ཚན་ཁག་གི་ཁོངས་མིས་ཁག་བགོས་དོ་དམ་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་སྣེ་ཁྲིད་དེ་གནད་དོན་གསེད་བཀྲོལ་ཆེན་མོ་དང་དཀའ་གནད་གྲལ་བཤེར་ཆེན་མོའི་ལས་སྒོ་སྤེལ་ནས། དམིགས་འབེན་རང་བཞིན་ཡོད་པའི་སྒོ་ནས་བརྟག་དཔྱད་བྱེད་ཡུལ་ལ་ཞིབ་འཇུག་བྱས་ཏེ་གཏན་འཁེལ་བྱས།

བརྟག་དཔྱད་ཞིབ་འཇུག་བྱས་ནས་དཔྱད་གཞི་ངོ་མ་དང་དོན་དངོས་གནས་ཚུལ་ལ་ཤེས་རྟོགས་གསལ་བོ་ཡོང་ཆེད། ཐིང་དང་ཨུ་ཡོན་ལྷན་ཁང་གི་ལས་དོན་སོ་སོའི་ཆེད་དོན་འཛིན་གྲྭ་ཁག་གིས་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་པ་དང་སྲིད་ཇུས་ཀྱི་སྒྲོག་འགྲེལ་ལ་དམིགས་པ། ཁེ་ལས་ཀྱི་རོགས་སྐྱོར་ལ་དམིགས་པ། གནད་དོན་གྱི་ཁྲིད་ཕྱོགས་ལ་དམིགས་པ། ལམ་སྲོལ་གསར་གཏོད་ལ་དམིགས་པ་བཅས་ཕྱོགས་ལྔའི་ཐད་ནས། ལས་དོན་སྒྲུབ་པའི་གོ་རིམ་བདེ་ལེགས་ཡིན་མིན་དང་རྒྱུ་རྐྱེན་གཙོ་བོས་འགན་ལེན་བྱས་མ་བྱས། ལས་དོན་སྒྲུབ་པའི་ཐབས་ལམ་འགྲིག་མ་འགྲིག ལས་ཆོད་ཆེ་མི་ཆེ་སོགས་ཀྱི་གནད་དོན་མང་པོ་ཞིག་བསམ་བློ་གཏོང་ས་གཙོ་བོར་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་འཐབ་ས་དང་པོ་དང་གླིང་ཁུལ་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོ། ཚོང་འགུག་དངུལ་འདྲེན་གྱི་འཐབ་ཕྱོགས་དང་པོ། བཅོས་སྒྱུར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་བཅས་སུ་དངོས་བཅར་བྱས་ནས། ས་གནས་སྲིད་གཞུང་དང་གཙོ་གཉེར་སྡེ་ཁག གཙོ་གནད་ཁེ་ལས་བཅས་དང་ལྷན་དུ་བཞུགས་མོལ་བརྗེ་རེས་དང་གནད་དོན་གྱི་རེ་ཞུར་གཟབ་ཉན་བྱས་པ་བརྒྱུད། གཞི་ནས“འགྲོ་ཁར་གནད་དོན་ལ་དམིགས་ཏེ་འགྲོ་བ་དང་ཕྱིར་ལོག་ཁར་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་རྙེད་ཡོད་པར”འགན་ལེན་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།