ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་སློབ་གསོའི་བྱ་བའི་གྲོས་ཚོགས་འཚོགས་པ་ནས་བཟུང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཐོབ་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་དང་། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ། གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་ཡོང་བ་བཅས་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་བསྐྲུན་པར་འབད་བརྩོན་བྱས།
ཀྲུང་གོ་ཉིང་རྡུལ་སྡེ་ཚོགས་དང་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་བཟོ་སྐྲུན། ཀྲུང་གོ་གྲུ་གཟིངས་སྡེ་ཚོགས་བཅས་ཀྱིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། མ་ཡིག་ལ་ཇི་མ་ཇི་བཞིན་གྱི་སྒོ་ནས་སློབ་སྦྱོང་དང་མ་རྩོམ་རེ་རེ་བཞིན་ཀློག་པ། ཚིག་འབྲུ་རེ་རེ་བཞིན་བསླབ་ནས་དགོངས་སྙིང་རྟོགས་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ། རང་རྟོགས་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་བཏང་ཡོད།
ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་མཚོ་སྣུམ། རྒྱལ་ཁབ་གློག་དྲ་བཅས་ཀྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་པ་དང་། ཆེད་དོན་བྱ་བའི་ཚན་ཁག་དང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་སོགས་ཀྱི་ལས་དོན་སྒྲིག་གཞི་བཙུགས་ཏེ། ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཁེ་ལས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ། ནུས་ཁུངས་བདེ་འཇགས་དང་དྭངས་གཙང་། ཐཱན་ཉུང་ཚུལ་སྒྱུར་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་པ་ཐོབ་རྒྱུར་འབད་བརྩོན་བྱས།
ཀྲུང་གོ་ཧྭ་ནུན་དང་ཀྲུང་གོ་ཧྭ་ཏེན། འགག་གསུམ་སྡེ་ཚོགས་བཅས་ཀྱིས་ཁེ་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་པ་དང་ཆེད་དོན་དབྱེ་ནས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་ཏང་འཛུགས། ནུས་ཁུངས་དང་གློག་ཤུགས་ལས་རིགས་འཛུགས་སྐྲུན་སོགས་ཐད་ཀྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་གསལ་བོ་བྱས་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་།
ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་དབྱི་ཏུང་། ཀྲུང་གོ་གློག་རྡུལ་བཅས་ཀྱིས་ལག་ལེན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འགག་རྩའི་ལག་རྩལ་མཁྲེགས་གཏོར་སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གི་འཆར་གཞི་ཞིབ་མོ་བཟོས་ཏེ་གཏན་འབེབས་བྱས་པ་དང་། ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་པར་མ་ཟད། གནས་ཚུལ་གསལ་རྟོགས་དང་གནད་དོན་གནད་འཁེལ་ངང་འཚོལ་བ། ཐབས་ཇུས་གནད་འཁེལ་ངང་འདོན་པ་བཅས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས།