མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་ཀྱི་ས་གནས་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-04-29 23:42:22 

ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པ་དང་བསླབ་ནས་ལས་ལ་སྐུལ་བར་མཐོང་ཆེན་བྱས་ནས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་དངོས་ཐོན་པར་བྱས།

ཨན་ཧོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་། མི་སྒེར་གྱི་རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་དོན་སྙིང་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས། དེ་མིན་ད་དུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་སོགས་ཕྱོགས་བརྒྱད་ལ་དམ་པོར་དམིགས་ཏེ། ཞིབ་འཇུག་བྱ་གཞི་དངོས་སུ་བཏོན་ནས། སློབ་སྦྱོང་བྱེད་ཞོར་དུ་ཞིབ་སྡུར་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་ཡོ་བསྲང་བྱས།

ཧུའུ་པེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་དུ། རྣམ་པ་མང་བ་དང་རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ཟབ་སྦྱོང་བྱས། དུས་མཚུངས་སུ། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། འབབ་རྒྱུད་བཅོས་སྐྱོང་སོགས་ལ་དམ་པོར་དམིགས་ནས། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

ཧེ་ནན་གྱིས་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བཅུ་གཅིག་དངོས་སུ་བཙུགས་ནས། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ལས་ཁུངས་བརྒྱ་དང་སོ་བཞི་ཚང་མར་ཁྱབ་པར་བྱས་ནས་མཛུབ་སྟོན་བྱས། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཧེ་ནན་གྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་དང་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་བར་དམིགས་ཏེ། གནད་དོན་འབུར་ཐོན་ཅན་འཚོལ་ཞིབ་གཏིང་ཟབ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་རབ་དང་རིམ་པ་གྲུབ་པར་བྱས་ནས། བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པར་སྐུལ་འདེད་བཏང་།

ཀན་སུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་དང་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ནས་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས། དུས་མཚུངས་སུ།“དམ་འཛིན་གསུམ་དང་སྐུལ་འདེད་གསུམ”གྱི་བྱ་སྤྱོད་དམ་འཛིན་གང་ལེགས་བྱས་ཏེ། ལག་ལེན་ལ་མཐོང་ཆེན་དང་དངོས་གཉེར་དང་ཕན་འབྲས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སྡེ་ཁག་སོ་སོས་རང་སོ་སོའི་ལས་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་རྟོག་ཞིབ་ཀྱི་གཙོ་གནད་ཞིབ་ཕྲ་བཟོས་ནས། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་སྒྱུར་བཞིན་ཡོད།

སི་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན།བྱ་བའི་བཀོད་སྒྲིག་བཅས་ལ་དམ་པོར་དམིགས་ཏེ། བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་དངོས་སུ་བཟོས་པ་དང་། ཕྱོགས་བཅུ་བཞིའི་ཐད་ཀྱི་རྟོག་ཞིབ་ནང་དོན་གཙོ་བོ་ཞིབ་ཕྲ་ཅན་དུ་བཏང་། མིག་སྔར་ལས་ཁུངས་བརྒྱ་དང་ཞེ་བརྒྱད་ལ་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། ལས་ཁུངས་སོ་སོས་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། བརྗོད་དོན་སློབ་གསོ་དང་ལས་དོན་གཙོ་བོར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།