རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།
ཉེ་ལམ། ནང་སོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། རང་སྐྱོང་ལྗོངས་ཏང་ཨུས་ཀུན་གྱི་སྣེ་ཁྲིད་དེ་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྤེལ་ནས། གཅིག་བསྡུས་དཔེ་ཀློག་དང་ཆེད་དོན་འཆད་ཁྲིད། བགྲོ་གླེང་བརྗེ་རེས་བཅས་ཟུང་འབྲེལ་བྱས། དུས་མཚུངས་སུ། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ནས། དཔལ་འབྱོར་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་སོགས་གཙོ་གནད་དུ་བཟུང་སྟེ། བརྟག་དཔྱད་བྱ་གཞི་སོ་བརྒྱད་ཆེད་དུ་གཏན་ཁེལ་བྱས་ནས། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།
མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས། སྐོར་ཐེངས་དང་པོའི་ལས་ཁུངས་གོ་གསུམ་གྱི་ཏང་ཡོན་ལས་བྱེད་པས་དཔེ་ཀློག་སློབ་སྦྱོང་དང་ཆེད་དོན་ཟུར་ཁྲིད། ཚན་ཆུང་བགོས་ནས་རང་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་བཅས་དང་འབྲེལ་མཐུད་གང་ལེགས་བྱས་ནས། མཉམ་འདྲེས་དམ་ཟབ་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ཡོད། དེ་མིན་ད་དུང་ཞིབ་ཕྲའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་མངོན་གསལ་ཅན་གྱི་གནད་དོན་ཐག་གཅོད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཚང་མ་མཚོ་སྔོན་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ངོ་མ་ལེན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ཧི་པེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ལས་ཁུངས་ཀྱིས་ཟབ་སྦྱོང་འཛིན་གྲྭ་དང་དཔེ་ཀློག་འཛིན་གྲྭ། འཆད་ཁྲིད་ཆེན་མོ་བཅས་ཀྱི་བྱེད་སྒོ་རིམ་པར་སྤེལ་ནས། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་། བརྗེ་རེས་དང་ཞིབ་འཇུག་གྲོས་བསྡུར་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། སློབ་སྦྱོང་ལ་བརྟེན་ནས་འཇོན་ནུས་དང་བྱང་ཚད་མཐོ་རུ་བཏང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བར་འབད་བརྩོན་བྱས་ཡོད།
ཅང་ཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། མགོ་ཁྲིད་ལས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་ལྟེ་གནས་ཚན་ཆུང་གི་ཐུན་མོང་སློབ་སྦྱོང་སོགས་རིམ་པར་སྤེལ་བར་བརྟེན་ནས། མ་རྩོམ་བཀླགས་པ་དང་མ་ཡིག་བསླབས་ནས་རྩ་བའི་རིག་པ་རྟོགས་པར་བྱས། མིག་སྔར་སྐོར་སྐྱོད་མཛུབ་སྟོན་ཚན་ཁག་བཅུ་གཅིག་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ལས་ཁུངས་བརྒྱ་དང་ཉེར་བདུན་དུ་སོང་ནས་དངོས་སུ་བཅའ་སྡོད་བྱས་ཡོད། སྡེ་ཁག་སོ་སོས་ད་དུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བྱ་བར་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་ས་གནད་འཁེལ་ངང་འཚོལ་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ། དངོས་སྒྲུབ་ལག་ལེན་གྱི་ཕན་འབྲས་དངོས་ལ་དོ་སྣང་བཅས་བྱེད་ཀྱིན་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། ཧུའུ་ནན་གྱིས་ཆེད་དོན་བྱ་བའི་ཚོགས་འདུ་བསྡུས་པ་དང་དཔེ་ཀློག་འཛིན་གྲྭ་གཉེར་བ། བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས། དུས་མཚུངས་སུ། ཧུའུ་ནན་གྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དང་ལས་དོན་གཙོ་བོར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།