ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ།
ཟླ4པའི་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གྲོས་ཚོགས་ཀྱི་ཁོངས་མི། ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བཞི་པ་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
གྲོས་ཚོགས་སྟེང་དུ་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྐབས་བསྟན་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་བྱ་བ་གཙོ་བོ་ཡོངས་འགྲུབ་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཡང་དག་ལེན་དགོས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། བརྗོད་དོན་སློབ་གསོ་དེ་ཆང་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་པའི་རྣམ་པ་བཟང་བོ། དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ཕན་ནུས་མཐོ་བའི་བརྗོད་དོན་སློབ་གསོ་སྤེལ་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པ་ནས་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་ལེན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་བ། འབད་འབུངས་ཡར་བརྩོན་གྱི་རྣམ་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། ཐག་གཅོད་བྱེད་དགོས་པའི་གནད་དོན་དང་བྱེད་ཐབས་གལ་ཆེན་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། རང་རྟོགས་སྒོས་ཚད་གཞིར་དམིགས་ཏེ་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བར་འགན་སྲུང་བྱེད་དགོས་པ་དང་བརྗོད་དོན་སློབ་གསོའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བཟང་བོ་བྱེད་དགོས། སྦྱངས་པ་གོ་ཆོད་པར་བྱེད་རྒྱུ་རྒྱུན་འཁྱོངས་དང་ཆེད་དོན་གྲོས་མོལ་སྡེ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཞི་རིམ་སྲིད་གྲོས་བྱ་བའི་འབྲེལ་འདྲིས་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ། རང་རྟོགས་སྒོས་ལོ་གཅིག་གི་བྱ་བ་གཙོ་བོའི་ལས་འགན་དང་བརྗོད་དོན་སློབ་གསོ་གཉིས་གཞི་གཅིག་ཏུ་སྦྲེལ་ཏེ་དམ་འཛིན་ནན་མོ་བྱེད་པ་དང་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྲིད་གྲོས་ཀྱི་འགན་སྒྲུབ་ཕན་ནུས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་དུ་བསྒྱུར་ཏེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་དར་སྲོལ་ཇེ་བཟང་དུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་དངོས་གཉེར་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། སྤྱོད་ཚུལ་ལེགས་བཅོས་བྱེད་པ། དྲིལ་སྒྲོག་ལ་ཤུགས་སྣོན་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། རྩ་འཛུགས་ལག་བསྟར་ནན་མོ་བྱེད་པ། མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་གྲུབ་པར་བྱས་ཏེ་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས།