མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས།

  2023-04-19 11:02:32 

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ།

ཟླ4པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྗོད་དོན་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།

པད་ཁོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་བརྗོད་དོན་སློབ་གསོར་ཁ་ཕྱོགས་གསལ་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། སློབ་སྦྱོང་བྱས་ནས་གཏིང་ཟབ་ཏུ་གོ་བ་ལེན་པ་དང་། བརྗོད་དོན་སློབ་གསོའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དེ་གཙོ་འཛིན་གྱི་དགོངས་པ་ལག་བསྟར་བྱེད་པའི་སྣེ་ཁྲིད་བཟོ་སྐྲུན་དང་། ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་རྨང་བརྟན་བཟོ་སྐྲུན། དུས་རབས་གསར་པའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་བཟོ་སྐྲུན་བཅས་སུ་བྱས་ཏེ། ཟོལ་མེད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱས་ནས་ལག་ལེན་ལ་སྐུལ་འདེད་གཏོང་དགོས།

པད་ཁོ་ཡིས་ནན་གྱིས་བསྟན་དོན། སྤྱིའི་རེ་བ་དམ་འཛིན་གང་ལེགས་བྱས་ཤིང་། ཕྱོགས་བསྡུས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་དོན་དངོས་ལ་ཟུང་འབྲེལ་བྱེད་པ་དང་། བརྗོད་དོན་སློབ་གསོ་དེ་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་ཏང་གཤིས་སྦྱོང་བརྡར། བྱ་བར་སྐུལ་འདེད་གཏོང་བ། བྱ་བའི་བྱེད་ཐབས་བསྒྱུར་བཅས་དང་ཟུང་འབྲེལ་བྱས་ཏེ། དགོངས་པའི་སློབ་སྦྱོང་ཐད་བཏང་ལྷོད་ཅུང་ཙམ་ཡང་མི་བྱེད་ལ། དཀའ་སྤྱད་འབད་བརྩོན་བྱེད་པའི་ཡིད་ཆེས་མཐོར་འདེགས་བྱེད་དགོས། ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་ཐད་ནས་མདུན་ནས་མདུན་དུ་བསྐྱོད་པ་དང་། རྒྱལ་ཁབ་དང་མི་དམངས་བསམ་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་དགོས། ལག་ལེན་གཙོར་འཛིན་པའི་ཐད་ནས་བཏང་ལྷོད་ཅི་ཡང་མི་བྱེད་པར་བསམ་ཕོད་པ་དང་སྒྲུབ་ཕོད་པའི་ཆོད་སེམས་ཆགས་པར་བྱེད་དགོས། བྱས་རྗེས་འཇོག་པའི་ཐད་ནས་སྔོན་ཐོན་སྣེ་ཁྲིད་བྱས་ནས་འཐབ་མཁས་བསྐྲུན་མཁས་ཀྱི་སེམས་ཤུགས་སྦྱོང་དགོས། སློབ་སྦྱོང་བྱས་ནས་རྣམ་ཤེས་བསྐྲུན་པ་དང་སློབ་སྦྱོང་བྱས་ནས་རིག་སྟོབས་འཕེལ་བ། སློབ་སྦྱོང་བྱས་ནས་སྲོལ་བཟང་ཆགས་པ། སློབ་སྦྱོང་བྱས་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྣང་བརྙན་བཟང་བོའི་མིག་དཔེའི་ནུས་པ་ཐོན་པར་བྱས་ཏེ། ངེས་པ་དོན་གྱིས་བརྗོད་དོན་སློབ་གསོ་ལས་སྐུལ་སྤེལ་བྱུང་བའི་བྱ་བའི་བརྩེ་སེམས་དང་ཡར་ཐོན་སྙིང་སྟོབས་དེ་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་བསྒྱུར་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།