རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《དམག་བསྡུའི་ལས་དོན་སྲོལ་ཡིག》ཅེས་པ་ཁྱབ་སྒྲོག་བྱས་པ།
ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《དམག་བསྡུའི་ལས་དོན་སྲོལ་ཡིག》ཅེས་པ་ཁྱབ་སྒྲོག་བྱས་ཏེ། 2023ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། རྒྱལ་སྲུང་གི་དགོས་མཁོར་ཞབས་ཕྱི། དམག་མི་བསྡུ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། དམག་བསྡུའི་ལས་དོན་གྱི་གོ་རིམ་ཚད་ལྡན་ཅན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། དམག་བསྡུའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་མ་ལག་དང་ལྡན་པའི་སྒོ་ནས་ཇུས་འགོད་དང་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ། གོ་རིམ་ཚད་ལྡན་དང་འགན་དབང་ཁ་གསལ། འདྲ་མཉམ་དང་དམག་འཐབ་འབྲེལ་མཐུད། ལས་ཆོད་ཆེ་བ་བཅས་ཀྱི་དུས་རབས་གསར་པའི་དམག་བསྡུའི་ལས་དོན་མ་ལག་ཅིག་འབད་པས་བསྐྲུན་ནས། དམག་དཔུང་གི་དམག་མི་ཁ་སྣོན་དང་གྲབས་གསོག་དང་སྲ་བརྟན་དུ་གཏོང་རྒྱུ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་རྒྱུ་རེད།
གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ལ་ཁྱོན་ལེའུ་བཅུ་གཅིག་དང་དོན་ཚན་དོན་བཞི་ཡོད་ཅིང་། གཙོ་བོ་ལམ་ལུགས་ཀྱི་ཐོག་ནས་དམག་བསྡུའི་རྩ་འཛུགས་ཀྱི་མགོ་ཁྲིད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་བར་གྱི་གཞུང་ཕྱོགས་འབྲེལ་མཐུད་དང་། སྲིད་གཞུང་ནས་མཐོ་རིམ་སློབ་ཆེན་བར་ཁྱབ་པའི་དམག་བསྡུའི་རྩ་འཛུགས་མགོ་ཁྲིད་མ་ལག་འཛུགས་པ། དམག་བསྡུའི་རྩ་འཛུགས་ཀྱི་ལག་བསྟར་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ། ལུས་ཕུང་བརྟག་དཔྱད་དང་ཆབ་སྲིད་ཀྱི་དཔྱད་ཞིབ། སྐྱེལ་འདྲེན་སྦྲེལ་མཐུད། ནད་ཡམས་ཞིབ་བཤེར་དང་བསྐྱར་ཞིབ་སོགས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་དང་གནད་འཁེལ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་བྱང་ཚད་མཐོ་བའི་དམག་མི་བསྡུ་བ། དམག་བསྡུའི་ཕྱོགས་བསྡུས་འགན་སྲུང་ལ་ཤུགས་སྣོན་པ་དང་དམག་བསྡུའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་བཅས་བྱས་ནས། སྤྱི་དམངས་ཀྱི་དམག་ཞུགས་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་རེད།