མཚོ་སྔོན་ཞིང་ཆེན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ལ་ཚུར་སྣང་ཆེན་པོ་བྱུང་བ།
ཟླ4པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ་དང་། རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མཐའ་གཅིག་ཏུ་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཉིད་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཡོན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཀོང་ཞིན་གྱིས་བཤད་རྒྱུར། རྩ་འཛུགས་སྡེ་ཁག་གི་ལས་བྱེད་པ་ཡིན་པའི་ཆ་ནས། ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དགོངས་དོན་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་ལ་དོ་སྣང་བྱེད་པ། བྱས་རྗེས་གསར་པ་འཇོག་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ། བྱེད་ཐབས་གཙོ་བོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཟིགས་ཞིབ་དང་དག་ཐེར་ལེགས་བཅོས་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་འབྲེལ་མཐུད་བྱེད་པ། མཉམ་བསྲེས་བྱེད་པ་དང་མཉམ་དུ་ལག་བསྟར་བྱས་ནས། བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པ་དང་། བྱེད་ཐབས་བཟང་པོར་བརྟེན་ནས་བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལས་ཁུངས་ཀྱི་ཏང་ཨུའི་ལས་བྱེད་པ་ལིའུ་ཧྲའོ་ཧྥིན་གྱིས་བཤད་རྒྱུར། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱིའི་རེ་བ་དང་སྤྱིའི་དམིགས་འབེན་ཁོང་དུ་ཆུད་པར་བྱེད་པ་དང་། སྲོག་ཤིང་གི་དོན་སྙིང་གཙོ་བོ་དང་དགོངས་དོན་གྱི་ངོ་བོ། ནང་དོན། ལག་ལེན་གྱི་རེ་བར་གོ་བ་ཟབ་མོ་ལེན་དགོས། ལས་གནས་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཙོ་འགན་གཙོ་ལས་ལ་དམ་དུ་དམིགས་པ། ལས་གཉེར་ལས་སྐྲུན་གྱི་སྙིང་སྟོབས་ཆེར་བསྐྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་ནུས་པ་འདོན་སྤེལ་བྱེད་པ། དུས་རབས་གསར་པའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་སྣངབརྙན་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
ཞིང་ཆེན་སྤྱིའི་བཟོ་ཚོགས་རྩ་འཛུགས་ཀྱི་རིམ་པ་བཞི་བའི་རྟོག་ཞིབ་མི་སྣ་ཞུས་ཀྲུང་ཁའེ་ཡིས་བསྟན་དོན། བརྗོད་དོན་སློབ་གསོའི་བཀོད་སྒྲིག་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་བཟང་པོ་བྱེད་པ། བརྗོད་དོན་སློབ་གསོ་བརྒྱུད་དེ། རང་ཉིད་ཀྱི་བསམ་བློ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་ཐོག་མའི་བསམ་འདུན་སྔར་ལས་ཇེ་བརྟན་དུ་གཏོང་བ། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། བློ་སྔར་ལས་དཀར་བར་བྱེད་པ། ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ཟེར།
ཀོས་ནན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱིས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་རེ་བ་བཏོན་པ་དང་གཙོ་གནད་གཏན་ཁེལ་བྱས། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། རེ་བ་ལྟར་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་པ། བརྟག་དཔྱད་ཞིབ་འཇུག་སྤེལ་བ། འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀོས་ནན་འཛུགས་སྐྲུན་བྱེད་དགོས་ཟེར།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི། ཡོན་ཀྲང་གཞོན་པ་ཚེ་བརྟན་སྒྲོལ་མས་བསྟན་དོན། རང་འགུལ་གྱིས་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པ་དང་། གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་ཇེ་བརྟན་དུ་གཏོང་བའི་སྟེང་ཤུགས་འདོན་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་འབྲེལ་མཐུད་བྱས་ནས་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། གནད་དོན་གསར་པ་ཐག་གཅོད་པ། ཉམས་མྱོང་གསར་པ་སྤྱི་སྡོམ་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་འདྲི་གཅོད་ལག་བསྟར་བྱ་བའི་ཁྲོད་འདྲེས་པར་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས་ཟེར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མེན་ཞའོ་ཐའོ་ཡིས་བཤད་རྒྱུར། ངས་ཡུལ་ཚོ་གོང་འོག་ཡོངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་རྩ་བའི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ། ས་ནག་ཐང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱེད་ཤུགས་རྒྱུན་མཐུད་སྒོས་ཆེར་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་དེ། ཧུར་ཐག་གིས་ཡུལ་ཚོ་ཡོངས་ཀྱི་བྱ་བ་སྣ་ཚོགས་ལ་མཆོང་བརྒལ་གསར་པ་མངོན་པར་བྱེད་པ་དང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཆི་ཡན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ནས་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱས་ནས་རྒྱུས་ལོན་གསལ་བོ་བྱེད་པ་དང་ལག་བསྟར་བཟང་པོ་བྱེད་པའི་སྟེང་ཤུགས་འདོན་པ། བརྗོད་དོན་སློབ་གསོའི་སྤྱིའི་བཀོད་སྒྲིག་རེ་བ་ལྟར། དུས་རིམ་སོ་སོའི་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་བཟང་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་ཟེར།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མིན་ཧུང་མེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་བསྟར་ཟབ་མོ་བྱེད་པ་དང་། ཐོབ་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱེད་པ། ཁུལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སྤེལ་བ་བཅས་ཟུང་འབྲེལ་བྱེད་པ། སློབ་སྦྱོང་དང་བྱ་བའི་ཐད་ཀྱི་སྤྲོ་སེམས་དེ་དཀའ་ཁག་སེལ་བ་དང་ལས་གཉེར་ལས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རིག་ལག་རྩལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཞེ་ཁང་ཡུང་གིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་མཐོན་པོས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ལྗང་མདོག་གི་མཚོ་ལྷོ་དང་སྐྱེ་ཁམས་ཀྱི་མཚོ་ལྷོ། གསོན་ཤུགས་ལྡན་པའི་མཚོ་ལྷོ། འཆམ་མཐུན་གྱི་མཚོ་ལྷོ། བདེ་སྐྱིད་ཀྱི་མཚོ་ལྷོ། སྲིད་གཙང་གི་མཚོ་ལྷོ་བཅས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཟེར།