མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།

  2023-03-23 19:35:28 

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།

ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཁྲིམས་འཛུགས་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱ་འགུལ་ཚད་ལྡན་དུ་བསྒྱུར་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཡིན། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་འཛུགས་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། དུས་རབས་གསར་པར་ཏང་གི་ཁྲིམས་འཛུགས་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། བཅོས་སྒྱུར་ཐབས་ཇུས་དང་ཁྲིམས་འཛུགས་ཐབས་ཇུས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་ཀྱི་མཛུབ་སྟོན་དགོངས་པ་དང་གཞི་རྩའི་རྩ་དོན། ནང་དོན་གཙོ་བོར་གོ་བ་ཟབ་མོ་ལེན་དགོས། སློབ་སྦྱོང་ཟབ་མོ་དང་ཞིབ་འཇུག་ཞིབ་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་པ། ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། ཁྲིམས་འཛུགས་ཀྱི་མདུན་ལྟ་རང་བཞིན་དང་ཧུར་བརྩོན་རང་བཞིན། རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་བཀོལ་སྤྱོད་བཟང་པོ་བྱེད་དགོས། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གནས་དང་མཆོང་བརྒལ་བྱེད་ས་ཡང་དག་འཚོལ་བ། ཁྲིམས་འཛུགས་འཆར་གཞི་ལག་བསྟར་ནན་མོ་བྱས་ནས། ཧུར་ཐག་གི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཀོད་པའི་རླབས་ཆེན་གྱི་འཆར་འགོད་དེ་ཁྲིམས་འཛུགས་བྱ་བའི་འགན་ལེན་ཡི་གེ་དང་ལག་བསྟར་པར་རིས་སུ་འགྱུར་བར་བྱེད་དགོས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ། གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་བྱེད་སའི་ཐད་གཏོང་རྩོལ་ནུས་འདོན་སྤེལ་བྱེད་པ། གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱེད་པ། མི་དམངས་ཀྱི་བློ་གྲོས་དང་འདོད་བློ་གཅིག་ཏུ་བསྡུས་ནས། དུས་རབས་གསར་པའི་ས་གནས་ཁྲིམས་འཛུགས་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།