མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲེན་ཀང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་ལ་རྟོག་ཞིབ་བྱས་པ།

  2023-03-18 19:57:10 

ཁྲེན་ཀང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་ལ་རྟོག་ཞིབ་བྱས་པ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁ་གི་ཀྲུའུ་རིན་ཁྲེན་ཀང་ཟླ3པའི་ཚེས17ཉིན་གྱི་ཕྱི་དྲོར་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་ལ་སོང་ནས་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། དུས་གཏན་དུ་ལམ་ན་ཡོད་པ་གཉིས་ཀྱི་འགན་འཁྲིའི་ཁག་ཁུར་ཁུར་དུ་བླངས་ནས། ངེས་པར་དུ་གསུམ་ཡིད་ལ་དམ་པོར་བཅངས་ནས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ་སྲོལ་བཟང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་གསར་བསྐྲུན་བྱེད་དགོས་ཟེར།

ཁྲེན་ཀང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་ལྟེ་གནས་དང་ལས་བཟོ་བའི་དཔེ་ཁང་། 12388ཁ་པར་ཞུ་གཏུག་ཐག་གཅོད་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་སུ་སོང་སྟེ། བྱ་བའི་ལས་རིམ་ལ་རྒྱུས་ལོན་ཞིབ་ཏུ་བྱས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པར་སྐོར་བརྒྱབ། བྱ་བའི་སྙན་ཞུར་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། བློ་ཐག་རྦད་ཆོད་ཀྱིས་ཆབ་སྲིད་ལྟ་རྟོག་འགན་འཁྲི་ཁུར་དུ་བླངས་ཤིང་། ཆབ་སྲིད་ཡིག་ཆ་དང་རྒྱལ་དོན་ཆེ་ཕྱོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དང་འབྲེལ་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་གནད་དུ་བཟུང་སྟེ། དངོས་འབེབས་བྱས་པའི་གནས་ཚུལ་དང་དོན་དངོས་དང་ཟུང་འབྲེལ་བྱེད་ཐུབ་མིན་དང་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་ཐུབ་མིན་ལ་བལྟ་བ་དང་། ཆབ་སྲིད་ལྟ་རྟོག་དེ་ཉིན་རྒྱུན་གྱི་འཚོ་བར་བསྲེས་ནས་རྒྱུན་པར་དམ་འཛིན་བྱེད་དགོས། གནད་འགག་ཉུང་ཤས་ལ་དོ་དམ་ནན་མོ་བྱེད་པ་དང་། རྩད་ཆོད་པའི་གྱོད་དོན་ཁྲོད་ནས་བྱ་བའི་ཁྲོད་ཀྱི་མི་འདང་སར་བསམ་གཞིགས་བྱེད་པ་དང་། གྱོད་དོན་གྱིས་སྒྲིག་ལམ་ཇེ་གསལ་དུ་གཏོང་བ་དང་གྱོད་དོན་གྱིས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་གཏིང་ཟབ་ཏུ་སྤེལ་ནས། གནད་འགག་ཉུང་ཤས་ལ་དུས་རྒྱུན་ལྟ་རྟོག་དང་གསལ་འདེབས་མང་དུ་བྱས་ཏེ། དོ་དམ་ནན་མོ་བྱེད་པ་དང་དོ་དམ་ནན་མོ་བྱེད་ཕོད་པ། དུས་རྒྱུན་དོ་དམ་ནན་མོ་བྱས་ནས་ངེས་པ་དོན་གྱིས་གུས་སེམས་ཤེས་པ་དང་མ་མཐའི་ཚད་ཐིག་སྲུང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། དུས་ངེས་མེད་དུ་སེམས་ཁུར་བྱེད་པ་དང་། སྔ་མོར་གནད་དོན་ཆུང་དུས་ནས་དམ་འཛིན་བྱས་ཏེ་མཉམ་དུ་སྐུལ་འདེད་གཏོང་དགོས། མགོ་འབུས་རང་བཞིན་གྱི་གནད་དོན་ལ་དོགས་ཟོན་མཐོར་འདེགས་དང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་ལ་གདེང་ཚོད་ཡོད་པ་དང་། མ་མངོན་པའི་གནད་དོན་ལ་རྩད་ཞིབ་ནན་མོ་བྱེད་པ། མཁྲེགས་འཛིན་རང་བཞིན་གྱི་གནད་དོན་དམ་འཛིན་བྱས་ནས། མཉམ་དུ་རུལ་སུངས་མི་སྤོབས་པ་དང་རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ལྟ་རྟོག་མ་ལག་འཐུས་ཚང་དུ་བཏང་སྟེ། སྒྲིག་ལམ་ལྟ་རྟོག་དང་ལྟ་ཞིབ་ལྟ་རྟོག མངག་གཏོང་ལྟ་རྟོག སྐོར་ཞིབ་ལྟ་རྟོག་སོགས་གཅིག་འདོམས་དང་སྦྲེལ་མཐུད་བྱེད་པའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྒྲིམ་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆེད་དོན་ལྟ་རྟོག་དང་དམངས་ཆེན་ལྟ་རྟོག དམངས་གོ་ལྟ་རྟོག སྲིད་འཛིན་ལྟ་རྟོག ཁྲིམས་འཛིན་ལྟ་རྟོག རྩིས་བཤེར་ལྟ་རྟོག བསྡོམས་རྩིས་ལྟ་རྟོག གླེང་ཕྱོགས་ལྟ་རྟོག་སོགས་ཟུང་འབྲེལ་གང་ལེགས་བྱས་ནས་གཞི་རིམ་གྱི་ལྟ་རྟོག་མ་ལག་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱི་ལྟ་རྟོག་ཐབས་ལམ་བཀག་མེད་ཡོང་བར་བྱེད་དགོས། ཟོལ་མེད་ཀྱིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་གཞིར་བཟུང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོའི་དག་ཐེར་སྤེལ་བ་དང་། ཆབ་སྲིད་བློ་དཀར་ཡོང་བ་དང་གནོད་པ་མེད་པར་གཏོང་བ། དོ་དམ་ནན་མོའི་མ་ལག་འཐུས་ཚང་དུ་གཏོང་བ། འཐབ་རྩོད་ནུས་པ་དང་དམིགས་འབེན་ལས་འགན་ཇེ་དྲག་ཏུ་བཏང་ནས། གཙོ་བོ་བློ་དཀར་ཞིང་སྤྱོད་གཙང་ཡིན་ལ། ཁག་ཁུར་ཐུབ་པ་དང་འཐབ་རྩོད་བྱེད་པར་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་ཀྲུའུ་ཞང་ཧྥུན་བཞུགས་མོལ་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།