མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་འཛུགས་པའི་འཛུགས་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

  2023-03-15 15:51:29 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

ཟླ3པའི་ཚེས14ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་བཤད་རྒྱུར། ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་པ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་ལེན་དུ་བསྟར་བའི་མཚོན་བྱེད་ཡིན། ཁོས་ནན་གྱིས་བསྟན་དོན། ཁོངས་མི་སོ་སོས་ལས་ཁུངས་སུ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་དམིགས་འབེན་ལ་དམིགས་ནས་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱེད་པ། ཡང་དག་པ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་ད་ཡོད་ནུས་ལྡན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡོད་ཚད་གཞི་གྲངས་མཛོད་ནང་བསྡུ་དགོས། དྲང་གཞག་གསར་གཏོད་རྒྱུན་འཛིན་བྱེད་པ་དང་ཆེད་དོན་འཛིན་གྲྭ་བཙུགས་ནས་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཇེ་ཞིབ་ཏུ་བཏང་སྟེ། དམིགས་འབེན་ལས་འགན་ཁག་བགོས་དང་དངོས་འབེབས་བྱེད་པ། རྩ་འཛུགས་ཞིབ་མོ་བྱས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་ངང་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་པའི་བྱ་བའི་ལས་འགན་ལེགས་འགྲུབ་བྱེད་དགོས།

གྲོས་ཚོགས་ནས་གཞི་གྲངས་མཛོད་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་རིམ་པའི་སྒྲིག་ཁྲིམས་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་པའི་བཀོད་སྒྲིག་དང་ལས་རིམ་སྔོན་མའི་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་བྱས།

རྒྱུས་ལོན་པ་ལྟར་ན། གཞི་གྲངས་མཛོད་ཉིས་སྟོང་ཉེར་གསུམ་ལོར་འཛུགས་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་པའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཆ་ཚང་བ་དང་དབང་གྲགས་ལྡན་པའི་ཁྲིམས་ལུགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱེད་རྒྱུ་དང་། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་ཆེན་དང་མི་དམངས་སྲིད་གཞུང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཚད་ལྡན་ཅན་གྱི་ཡིག་ཆའི་ནང་དོན་ཆ་ཚང་དང་འགུལ་རྣམ་གྱི་འགྱུར་བ་མངོན་པར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།