མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་རྐྱེན་སྲོལ་ལ་ཁྲིམས་འཛུགས་རྗེས་སུ་དཔྱད་བསྡུར་བྱེད་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།

  2023-03-14 16:39:42 

ཟླ3པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་མངགས་བཅོལ་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་རྐྱེན་སྲོལ་ལ་ཁྲིམས་འཛུགས་རྗེས་སུ་དཔྱད་བསྡུར་བྱེད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་ཚོགས་འདུར་ཞུགས་ཤིང་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཁྲིམས་འཛུགས་རྗེས་ཀྱི་དཔྱད་བསྡུར་དེ་ཚན་རིག་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་རེ་བ་གལ་ཆེན་ལྟར། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ཨུས་ཁྲིམས་འཛུགས་རྗེས་ཀྱི་དཔྱད་བསྡུར་བྱ་བའི་གྲུབ་འབྲས་ངོས་ནས་བལྟས་ན། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་པ་མ་ཟད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའིཕན་ཡོད་ལག་ལེན་ལ་སྐུལ་འདེད་དང་། ཁྲིམས་འཛུགས་ཞིབ་འཇུག་དཔྱད་བསྡུར་དང་འདྲི་རྩད་ཞབས་ཞུའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྐྱེན་སྲོལ་ལག་བསྟར་བྱས་པ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ནས་སྔར་ལས་མཐོ་བའི་རེ་བ་གསར་པ་བཏོན་ནས། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ཚད་ལེན་དཔེ་བསྡུར་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་གལ་ཆེན་ལ་ཚད་ལེན་དཔེ་བསྡུར་བྱེད་པ། རྒྱལ་ཁབ་ཀྱིས་གསར་དུ་བཏོན་པའི་འབྲེལ་ཡོད་བཅའ་ཁྲིམས་ལ་ཚད་ལེན་དཔེ་བསྡུར་བྱེད་པ་བཅས་བྱས་ནས། རྐྱེན་སྲོལ་དེ་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བ་བཅས་ཀྱི་ཕྱོགས་སུ་འཚམ་མཐུན་ཡོང་མིན་ཐད་དཔྱད་བསྡུར་གང་ལེགས་བྱས། 


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།