མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་བསྡུས་པ།

  2023-02-26 21:17:12 

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ཁྲིམས་བསྟར་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་དང་རྒྱུ་ནོར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁ་གཏད་འབྲེལ་འདྲིས་གྲོས་ཚོགས་བསྡུས་པ།

ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་དང་རྒྱུ་ནོར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁ་གཏད་འབྲེལ་འདྲིས་གྲོས་ཚོགས་བསྡུས་ནས། ཚོང་གཉེར་ཁོང་ཡུག་ལེགས་སྒྱུར་བྱེད་པའི་ཁྲིམས་འཛིན་ཞིབ་བཤེར་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། དམངས་ཆེན་རྒྱུ་ནོར་དཔལ་འབྱོར་གྱི་བྱ་བའི་ལས་འགན་གཙོ་བོར་འཆར་འགོད་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཁྲིམས་འཛིན་ཞིབ་བཤེར་སྤེལ་རྒྱུ་ནི། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་པས། བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། འཐུས་མི་གདན་ཞུ་བྱས་ནས་ཟབ་ཞུགས་བྱེད་དུ་འཇུག་པ། མང་ཚོགས་ཀྱི་འདོད་བློ་དང་བློ་གྲོས་གཅིག་བསྡུས་བྱས་ཏེ། ཞིབ་བཤེར་དེ་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་དངོས་སུ་འགྱུར་བར་བྱེད་དགོས། ཞིབ་བཤེར་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། སྲོལ་ཡིག་ལག་བསྟར་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་ནས། ཟུར་ངོས་མང་པོ་དང་ཕྱོགས་ཡོངས་ནས་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་དང་ལག་བསྟར་ནན་མོ་བྱེད་པ་དང་། དམིགས་འབེན་ལ་དམིགས་པ་དང་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། མཉམ་འབྲེལ་ལ་ཤུགས་སྣོན་པ། འགན་འཁྲི་གཏན་འཁེལ་གསལ་པོ་བྱས་ནས། ཧུར་ཐག་གིས་དུས་རིམ་སོ་སོའི་བྱ་བ་ཡོངས་འགྲུབ་བྱེད་པ་དང་གནད་དོན་དག་ཐེར་ལེགས་བཅོས་བཟང་པོ་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་བཟང་པོ་བྱེད་དགོས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལས་འགན་བཀོད་སྒྲིག་ཞིབ་མོ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ལག་བསྟར་དམ་འཛིན་བྱས་ཏེ། འགོ་རྩོམ་པའི་ལོར་མགོ་བཟང་པོ་རྩོམ་པར་ཁག་ཐེག་བྱེད་དགོས། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་བཟང་པོ་བྱེད་པར་འགན་སྲུང་བྱེད་པ། ཆུ་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་ཕན་ནུས་མཐོར་འདེགས་སུ་གཏོང་བ། ཚད་གཞི་མཐོ་བའི་ཞིབ་བཤེར་ལ་བརྟེན་ནས་གསོན་ཤུགས་ཆེར་སྐྱེད་དང་སྒུལ་ཤུགས་བསྣན་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་དང་གྲུབ་འབྲས་མངོན་པར་བྱེད་དགོས། ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། དམངས་ཆེན་དང་སྲིད་གཞུང་གིས་མཉམ་ཤུགས་གཅིག་ཏུ་བསྡུ་བར་སྐུལ་འདེད་བཏང་སྟེ། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་མཚོ་སྔོན་གྱི་སྲིད་སྐྱོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས་ཟེར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།