ཟླ2པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འདས་ཟིན་པའི་ལོ་ལྔའི་བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་ལ། 2023ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཀྲང་ཙིག་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་བསམ་ཕྱོགས་གསར་པ་དང་རྣམ་བཤད་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པར་གོ་བ་གཏིབ་ཟབ་ལེན་པ། འབྲེལ་བ་སྣ་བཅུར་སྟངས་འཛིན་ཡང་དག་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་བསྐྱོད་པར་སྲ་ཞིང་བརྟན་པའི་ཆབ་སྲིད་རྨང་གཞི་འདིང་དགོས། འདྲི་གཅོད་དང་ལག་བསྟར་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གཞི་བྱས་ནས་ལས་འགན་ཁག་བཅུ་དངོས་འབེབས་བཟང་པོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིམས་ལྟར་ཞབས་འདེགས་ཞུ་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་རང་འགུལ་ངང་སྲིད་ཁྲིམས་བྱ་བའི་དེང་རབས་ཅན་གྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ནས་གནད་དོན་བདུན་ཐག་གཅོད་པ་དང་། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། འབད་འཐབ་ཡར་བརྩོན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བློ་དཀར་གཞུང་དྲང་དང་ཁག་ཁུར་ཡོད་པའི་ཁྲིམས་ཁང་ཧྲག་དམག་འཛུགས་སྐྲུན་བྱས་ནས་བྱེད་ཐབས་བདུན་བརྒྱུད་དེ་ཕྱོགས་ཡོངས་ནས་བློ་དཀར་གཞུང་དྲང་དང་ཁག་ཁུར་ཡོད་པའི་ཆབ་སྲིད་བློ་སྦྱོང་བྱེད་དགོས།
གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་གིས་ཁྲིམས་ཁང་བྱ་བར་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་ཁྲིམས་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་བསམ་བློའི་འདུ་ཤེས་མུ་མཐུད་གསར་པརྗེ་བྱས་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་བློ་དཀར་ངང་ལག་ལེན་དུ་བསྟར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་དང་ལྡན་པའི་ཁྲིམས་འཛིན་ཞབས་ཕྱི་འདོན་སྤྲོད་བྱེད་དགོས།