རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པས་ཚེས27ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་བྱས། ཐེངས་འདིའི་གྲོས་ཚོགས་ནི་ཡུལ་དངོས་སུ་ཚོགས་འདུར་ཞུགས་པ་དང་དྲ་ལམ་ནས་བརྙན་རིས་ཚོགས་འདུར་ཞུགས་པའི་ཐབས་ལམ་སྤྱད་དེ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྒྱ་དང་སོ་དྲུག་ཚོགས་འདུར་ཞུགས་པས། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཟིན་གྱིས་ཁྲིམས་འཛུགས་ཀྱི་མཛུབ་སྟོན་བསམ་བློ་འཐུས་ཚང་དུ་བཏང་ཡོད་ལ། ཚན་རིག་ལྟར་ཁྲིམས་འཛུགས་པ་དང་དམངས་གཙོས་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་རྒྱུན་འཁྱོངས་བྱེད་པའི་ནང་དོན་བསྣན་ཡོད་པ་དང་། ཆུའུ་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་འཛུགས་དོན་བྱའི་ཁྱབ་ཁོངས་སོགས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་གྲོས་ཞིབ་བྱས་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་ཐག་གཅོད་རྒྱུའི་གྲོས་གཞི་བཏོན། གྲོས་ཚོགས་ནས་སོ་སོར་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལིའུ་ཅི་ཞིན་གྱིས་ཕུལ་བའི་དམག་ཞབས་མི་སྣའི་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བལྟས་ན་གོང་གི་འཆར་ཟིན་དེ་དག་ཅུང་ཆ་ཚང་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་བར་སྤྲོད་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར། གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅང་པིས་ཞིན་གྱིས་ཕུལ་བའི་ཀུང་སིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཟིན་གྱིས་ཁྲིམས་འཛུགས་ཀྱི་དམིགས་ཡུལ་འཐུས་ཚང་དུ་བཏང་ཡོད་པ་དང་། རྐང་འཛིན་གྱིས་དངུལ་གཏོང་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་བཏང་ཡོད། ཀུང་སིའི་བཅོས་སྐྱོང་དང་ལས་འཛིན་གྱི་འགན་འཁྲི་སོགས་ཀྱི་གཏན་ཁེལ་འཐུས་ཚང་དུ་བཏང་ཡོད། གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཉིང་གིས་ཕུལ་བའི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཟིན་གྱིས་དམངས་ཡོངས་ཀྱིས་གསང་མྱུལ་ལ་རྒོལ་བའི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་ར་བརྟན་པོ་འཛུགས་པའི་འབྲེལ་ཡོད་ནང་དོན་བསྣན་ཡོད་ལ། གསང་མྱུལ་ལ་རྒོལ་བའི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཡོད། གྲོས་ཚོགས་ནས་ལིས་ཧྥེ་ཡིས་ཕུལ་བའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཟིན་གྱིས་སྐྱེ་ཁམས་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོར་ཤུགས་བསྣན་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཉེན་ཁའི་འགོག་སྲུང་ལ་ཤུགས་བསྣན་ཡོད་ཅིང་། ཚན་རྩལ་གྱི་རྒྱབ་རྟེན་ཇེ་དྲག་ཏུ་བཏང་ཡོད། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་སྐོར་ནས་གསལ་བཤད་བྱེད་པའི་གྲོས་གཞིའི་གསལ་བཤད་ལ་ཉན། གྲོས་ཚོགས་ནས་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།
- ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས།
- ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལ་བདམས་པ།
- 《དམངས་དོན་ཁྲིམས་གཞུང》དུ་བཀོད་པའི་མང་ཚོགས་ལ་འཚམ་པའི་གནས་སྡོད་དབང་ཆ་འདི་ཤིན་ཏུ་བཟང་།
- “ཏན་ཏན་ཏིག་ཏིག་བཞི”ཡི་དགོངས་དོན།
- དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིས《དམངས་དོན་ཁྲིམས་གཞུང》དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།