མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གིས་གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་པ།

  2022-12-12 15:26:28 


གཞུང་ཞབས་པའི་བཅའ་ཁྲིམས་དང་དེའི་ཆ་སྡེབས་ཀྱི་ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞུང་ཞབས་པའི་བྱ་བ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་སྟེ་བཅའ་ཁྲིམས་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། གཞུང་ཞབས་པའི་བཅའ་ཁྲིམས་དང་ཆ་སྡེབས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་ཤུགས་བསྣན།

བརྡ་སྦྱོར་ནང་བསྟན་དོན། རྒྱུན་རྣམ་སྒོས་གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཞུང་ཞབས་པའི་ལམ་ལུགས་ཀྱི་དགེ་མཚན་གཞུང་ཞབས་པའི་དོ་དམ་ཕན་ནུས་ལ་བསྒྱུར་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གཞུང་ཞབས་པའི་ཁྱབ་ཁོངས་ནང་ཚུད་པའི་ལས་ཁུངས་དང་གཞུང་ཞབས་པའི་བཅའ་ཁྲིམས་དཔེར་བཟུང་ནས་དོ་དམ་བྱེད་རྒྱུའི་ཆོག་མཆན་ཐོབ་པའི་ལས་ཁུངས་གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་འཇོག་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ནི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ་དང་། གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། གཞུང་ཞབས་པའི་ལམ་ལུགས་ལག་བསྟར་བྱེད་པ། གཞུང་ཞབས་པའི་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པ། གཞུང་ཞབས་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་གཏོང་བ་སོགས་ཕྱོགས་ལྔའི་ཐད་ཀྱི་གནས་ཚུལ་ཡིན།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་རྣམ་པ་དང་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་། གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ་མི་འདེམ་མི་བཀོལ་གྱི་ཆེད་དོན་ཞིབ་བཤེར་དང་ཟུང་འབྲེལ་བྱས་ནས། ཆེད་དོན་ཞིབ་བཤེར་ལ་དོ་སྣང་བྱེད་དགོས། ཉིན་རྒྱུན་རང་བཞིན་གྱི་བྱ་བར་བརྟག་བཤེར་ཞིབ་འཇུག་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་ལ་དོ་སྣང་བྱེད་དགོས། གཞུང་ཞབས་པའི་དོ་དམ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། འགུལ་རྣམ་ལྟ་སྐུལ་དོ་དམ་ལ་དོ་སྣང་བྱེད་དགོས། གྲོས་གཞི་ལྟ་སྒྲུབ་དང་འཕྲིན་བཅར་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ལ་དོ་སྣང་བྱེད་དགོས། དེ་དང་མཉམ་དུ། ལྟ་སྐུལ་ཞིབ་བཤེར་གྱི་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གཞུང་ཞབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་བ། གཞུང་ཞབས་པའི་ལམ་ལུགས་དགེ་མཚན་དེ་གཞུང་ཞབས་པའི་དོ་དམ་ཕན་ནུས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། བློ་དཀར་སྤྱོད་གཙང་དང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།