མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་རྩ་ཁྲིམས་ང་དང་མཉམ་དུ་ཡོད་ཅེས་པའི་དམངས་ཡོངས་ཀྱི་འགྲན་སྡུར་བྱ་འགུལ་སྐབས་བཞི་པ་སྤེལ་རྒྱུ་རེད།

  2022-12-12 15:27:12 


ཟླ12པའི་ཚེས4ཉིན་ནི། རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ཐེངས་ལྔ་པ་ཡིན་པ་དང་། གསར་འགོད་པས་ཟླ11པའི་ཚེས3ཉིན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱེད་པ། རྩ་ཁྲིམས་ཤེས་བྱ་སྔར་ལས་དྲིལ་སྒྲོག་བྱེད་པ་དང་རྩ་ཁྲིམས་དགོངས་དོན་དར་སྤེལ་གཏོང་ཆེད། རང་ཞིང་གིས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ་རྩ་ཁྲིམས་ང་དང་མཉམ་དུ་ཡོད་ཅེས་པའི་དམངས་ཡོངས་ཀྱི་འགྲན་སྡུར་བྱ་འགུལ་སྐབས་བཞི་པ་སྤེལ་རྒྱུ་རེད།

ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་ནི་རང་ཞིང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག་གི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ། སྤྱི་ཚོགས་མང་ཚོགས་བཅས་ཡིན་པ་དང་། འགྲན་སྡུར་གྱི་དུས་ཚོད་ཟླ12པའི་ཚེས4ཉིན་ནས་ཟླ12པའི་ཚེས6ཉིན་བར་ཡིན། འགྲན་སྡུར་གྱི་ནང་དོན་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། རྩ་ཁྲིམས་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་སོགས་འདུ། འགྲན་སྡུར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ་སྐད་འཕྲིན་སྤྱི་སྟེགས་སུ་ཞུགས་པ་དང་ཡང་ན་ཨང་རིས་བཤེར་བའི་རྣམ་པ་སྤྱད་དེ་འགྲན་སྡུར་ཁྲོད་ཞུགས་ནས་ལན་བཏབ་ཆོག 

ངོ་སྤྲོད་བྱས་པ་ལྟར་ན། རྩ་ཁྲིམས་ང་དང་མཉམ་དུ་ཡོད་ཅེས་པའི་དམངས་ཡོངས་ཀྱི་འགྲན་སྡུར་བྱ་འགུལ་སྐབས་བཞི་པ་སྤེལ་ཆེད། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཕྱོགས་ཡོངས་ནས་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཕྱོགས་ཡོངས་ནས་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་བརྡ་སྦྱོར་སྤེལ་ནས་བཀོད་སྒྲིག་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་མུ་འབྲེལ་བྱ་འགུལ་ལ་ཧ་ཅང་མཐོང་ཆེན་བྱེད་དགོས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་སྐུལ་སློང་རྒྱ་ཆེར་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ། རང་ས་ཁུལ་དང་རང་སྡེ་ཁག་གི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཐེངས་འདིའི་འགྲན་སྡུར་བྱ་འགུལ་ཁྲོད་ཞུགས་པར་རྩ་འཛུགས་བཟང་བོ་བྱས་ནས། མི་སྣའི་ཞུགས་ཚད་མཐོ་བ་དང་ཁེབས་ཚད་རྒྱ་ཆེ་བར་ཁག་ཐེག་བྱེད་རྒྱུ་དང་། རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་ཏུ་བྱས་ནས། སྤྱི་ཚོགས་མང་ཚོགས་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་ཀུན་ལ་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།