ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་བཀོལ་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ནན་མོ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ནས། 2022ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་བྱེད་པའི་དྲ་ཐོག་ཁྲིམས་སྦྱོང་ཁྲིམས་བཀོལ་རྒྱུགས་ལེན་བྱ་བར་བཀོད་སྒྲིག་བྱས་པ་དང་། ཟླ12པའི་ཚེས4ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་བཅའ་ཁྲིམས་ཤེས་བྱའི་དྲ་ཐོག་རྒྱུགས་ལེན་དང་རྒྱལ་ཁབ་ལས་བྱེད་པའི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་རྒྱུགས་ལེན་བྱ་བ་སྤེལ་རྒྱུའི་ཐག་བཅད།
གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་བཅའ་ཁྲིམས་ཤེས་བྱའི་དྲ་ཐོག་རྒྱུགས་ལེན་དང་རྒྱལ་ཁབ་ལས་བྱེད་པའི་དྲ་ཐོག་བཅའ་ཁྲིམས་ཁྱབ་གདལ་རྒྱུགས་ལེན་གྱི་དུས་ཚོད2022ལོའི་ཟླ12པའི་ཚེས5ཉིན་གྱི་ཆུ་ཚོད8ནས་ཟླ12པའི་ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད6བར་གཅིག་གྱུར་བྱས་པ་དང་། བསྐྱར་རྒྱུགས་ལེན་པའི་ཆུ་ཚོད2022ལོའི་ཟླ12པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད9ནས་ཕྱི་དྲོའི་ཆུ་ཚོད6བར་གཏན་འཁེལ་བྱས། རྒྱུགས་ལེན་ནང་དོན་ཐད་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་ཁྲིམས་སྐྱོང་རྣམ་བཤད་ཀྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། རྩ་ཁྲིམས་སྲོག་ཤིང་དུ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ། དམངས་དོན་ཁྲིམས་གཞུང་དང་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད། གསར་དུ་གཏན་འབེབས་བྱས་པའི་བཟོ་བཅོས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣ་དང་སྤྱི་ཚོགས་རྩ་འཛུགས་གཞན་པའི་མི་སྣའི་འགན་སྒྲུབ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ། གསར་དུ་ཕྱིར་བཏོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ། འཆར་འགོད་གཅིག་དང་རྩ་གནད་གཉིས་དང་རང་ཞིང་གི་ལག་བསྟར་ཇུས་གཞི། རྒྱལ་ཡོངས་དང་རང་ཞིང་གི་བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་གྱི་དམངས་ཆེན་གྲོས་ཆོད་དང་འཆར་འགོད་བཅས་འདུ། གཏན་འཁེལ་ལྟར་ན། རྒྱུགས་ཞུགས་མི་སྣ་ཚང་མར་རྒྱུགས་ལེན་གྱི་དུས་རིམ་ནང་རྒྱུགས་སྤྲོད་ཀྱི་གོ་སྐབས་ཐེངས་གསུམ་ཡོད་པ་དང་། ཐེངས་རེ་རེའི་རྒྱུགས་སྤྲོད་པའི་དུས་ཡུན་ཆུ་ཚོད1དང་སྐར་མ30ཡིན་ལ། དྲ་རྒྱས་རྒྱུགས་སྤྲོད་མི་སྣའི་ཐེངས་གསུམ་ཁྲོད་ཀྱི་ཆེས་མཐོ་བའི་སྐར་མ་གྲུབ་འབྲས་སུ་བརྩི་རྒྱུ་རེད། ལོ་ཧྲིལ་པོའི་རྒྱུགས་བླངས་ཚར་རྗེས། སློབ་མའི་སྐར་མ་ཡོངས་རྫོགས་མེད་པར་བྱེད་རྒྱུ་ཡིན་པ་དང་། 2023ལོའི་ཁྲིམས་སྦྱོང་ཁྲིམས་བཀོལ་དང་རྒྱུགས་ལེན་བྱ་བ་མགོ་བརྩམས་རྗེས་སྐར་མ་སླར་ཡང་བརྩི་རྒྱུ་རེད།
བརྡ་སྦྱོར་ལས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་བྱེད་མི་སྣའི་དྲ་ཐོག་ཁྲིམས་སྦྱོང་ཁྲིམས་བཀོལ་རྒྱུགས་ལེན་བྱ་བ་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་བརྩི་བ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། བཀོད་སྒྲིག་ནན་མོ་བྱེད་པ། ཆ་རྐྱེན་དང་མཐུན་པའི་སློབ་མ་རྒྱུགས་ལེན་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ། སྒྲིག་ཆས་དང་མི་སྣ། དུས་ཚོད་ཀྱི་གཏན་ཁེལ་གསུམ་དང་ལག་བསྟར་གསུམ་བཟང་པོར་བསྒྲུབ་ནས། རྒྱུགས་ལེན་ལ་ཞུགས་འོས་པ་ཚང་མ་རྒྱུགས་ཞུགས་བྱེད་དགོས། དེ་དང་མཉམ་དུ། སྲོལ་རྒྱུན་སྨྱན་བྱད་དང་རིགས་གསར་སྨྱན་བྱད་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། ཁྲིམས་སྦྱོང་ཁྲིམས་བཀོལ་དང་རྒྱུགས་ལེན་བྱ་བའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། དུས་ཐོག་ཏུ་བརྒྱུད་སྒྲོག་བྱ་བ་སྤེལ་བའི་གནས་ཚུལ་དང་དཔེ་མཚོན་ཉམས་མྱོང་དྲིལ་སྒྲོག་བྱེད་པ། རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་རྒྱུགས་ལེན་བྱ་བའི་ཐད་ཀྱི་ངོས་འཛིན་ཚད་དང་ཟབ་ཞུགས་ཚད་མཐོར་འདེགས་བཏང་སྟེ། ཁྲིམས་སྦྱོང་ཁྲིམས་བཀོལ་གྱི་ངར་སེམས་དང་རང་འགུལ་རང་བཞིན་རྒྱུན་མ་ཆད་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།