ཟླ11པའི་ཚེས22ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་ཡིན་ལ། རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ལག་བསྟར་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཡང་ཡིན། ཞིང་ཆེན་ཁྲིམས་འཛིན་ཐིང་གི་བྱ་བའི་བཀོད་སྒྲིག་ལྟར། ཟི་ལིང་གྲོང་ཁྱེར་གྱིས་ཇུས་གཞི་གཏན་འབེབས་བྱས་ནས་ཟླ12པའི་ཚེས4ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་རྒྱལ་ཡོངས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བྱེད་པ་དང་། ཟླ12པའི་ཚེས4ཉིན་མགོ་རྩོམ་པ་དང་ཟླ12པའི་ཚེས10ཉིན་མཇུག་བསྒྲིལ་རྒྱུ་ཡིན་ལ། སྤེལ་ཡུན་གཟའ་འཁོར་གཅིག་ཡིན། ཟི་ལིང་གྲོང་ཁྱེར་གྱི་ཟླ12པའི་ཚེས4ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། བྱ་འགུལ་བརྟན་བརླིང་ངང་སྤེལ་བར་ཁག་ཐེག་བྱེད་ཆེད། ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་གྱི2022ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་ཁོར་བྱ་འགུལ་གྱི་ཇུས་གཞི་གཏན་འབེབས་བྱས། ཇུས་གཞི་གཞིར་བཟུང་ནས། ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩ་ཁྲིམས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་རུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་པ། བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་ལག་བསྟར་དང་ཟུང་འབྲེལ་བྱེད་པ། རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ། རྩ་ཁྲིམས་ཁྱིམ་ཚང་ཀུན་ཏུ་སྒྲོག་པ་དང་མི་སེམས་སུ་ཟུག་པར་བྱེད་པ་དང་། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ལ་བརྩི་མཐོང་དང་བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་བརྩི་སྲུང་། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་དར་སྲོལ་ཆགས་པར་བྱས་ཏེ། བདེ་འཇགས་ཟི་ལིང་དང་ཁྲིམས་སྐྱོང་ཟི་ལིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད།
ཇུས་གཞི་ནང་། དྲིལ་སྒྲོག་གཟའ་འཁོར་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་བྱ་བར་ཁག་ཐེག་བྱེད་པའི་སྔོན་འགྲོ་འོག བྱ་འགུལ་གཙོ་བོའི་བཀོད་སྒྲིག་ལྟར། ཁྱད་ཆོས་མངོན་གསལ་ཡིན་པ་དང་རྣམ་པ་མང་པ། ནང་དོན་ཕུན་སུམ་ཚོགས་པའི་དྲ་ཐོག་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། རྩ་ཁྲིམས་དྲིལ་སྒྲོག་ཐད་ནས་ཁྱད་ཆོས་ཡོད་དགོས་པ་མ་ཟད། རིམས་ནད་འགོག་སྡོམ་ཐད་རོགས་འདེགས་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། རྩ་ཁྲིམས་དྲིལ་སྒྲོག་གི་ཆབ་སྲིད་ཁ་ཕྱོགས་ཡང་དག་དང་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཁག་ཐེག་བྱེད་དགོས། རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། བརྗོད་དོན་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་ལས་དོན་སྡེ་ཁག མཁར་གྲོང་གཞིས་ཁུལ། སློབ་ར་དང་དམག་སྒར། རིགས་མི་འདྲ་བའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་གསར་བ། དྲ་ཚིགས་དང་ཁྱིམ་ཚང་སོགས་སུ་སྒྲོག་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉུ་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས། དྲ་ཐོག་ནས་སྤེལ་ཆོག་པ་ཚང་མ་ཡུལ་དངོས་ནས་མི་སྤེལ་བ་དང་། རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས་ཏེ། ས་སྲུང་འགན་ཡོད་དང་ས་སྲུང་འགན་ཁུར། ས་སྲུང་འགན་བསྟར་བྱེད་དགོས་པའི་རེ་བ་བཏོན།