མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བརྒྱ་དང་ཉེར་དགུ་པ་བསྡུས་པ།

  2022-11-10 18:37:59 


ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་ཉེར་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གནད་དོན་གཙོ་བོར་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུ་དང་། གྲ་སྒྲིག་དམག་ཞབས་མི་སྣའི་བཅའ་ཁྲིམས་འཆར་ཟིན་གྱི་གནད་དོན་གཙོ་བོར་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། གྲོས་ཚོགས་ལས་ཕྱོགས་སོ་སོས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་སྔར་ལས་རྒྱ་ཁྱབ་ངང་ཉན་ནས། བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་ལས་དོན་སྔར་ལས་ཡག་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།