ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་མགོ་འཛིན་བྱས་ཏེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས། ཞིང་ཆེན་ཏང་ཨུ་དང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ལོ་ལྔའི་ཁྲིམས་འཛུགས་ཉམས་མྱོང་གྲུབ་འབྲས་སྤྱི་བསྡོམས་བྱས་པ་དང་། ལོ་སྨད་ཀྱི་ཁྲིམས་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད་སང་ལོའི་ཁྲིམས་འཛུགས་འཆར་འགོད་དང་རྗེས་མའི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་སྒྲིག་ལུགས་བྱ་བར་བཀོད་སྒྲིག་བྱས།
མཱ་ཝེ་ཡིས་བསྟན་དོན། ལོ་ལྔའི་རིང་ལ། ཁྲིམས་འཛུགས་མཐུན་སྦྱོར་ཚན་ཆུང་གིས་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱས་པ་དང་འབྲེལ་འདྲིས་ནུས་པ་ཇེ་ཆེར་བཏང་། འགན་འཁུར་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ལག་བསྟར་དང་དངོས་འབེབས་བཟང་པོ་བྱས་ཏེ། བྱ་བ་དངོས་འབེབས་བྱས་ཚད་ཇེ་ཆེར་བཏང་ཞིང་ཧུར་ཐག་སྒོས་བཅོས་སྒྱུར་གསར་སྐྲུན་བྱས་པ་དང་། ཁྲིམས་འཛུགས་བྱ་བ་སྣ་ཚོགས་ལ་གོ་རིམ་ལྡན་པ་དང་ཕན་འབྲས་ཐོབ་པར་བྱས།
མཱ་ཝེ་ཡིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་སྦྱོང་བྱས་ནས་གོ་ཆོད་པར་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། ཧུར་ཐག་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དེ་ཁྲིམས་སྐྱོང་མཚོ་སྔོན་ཁྲིམས་འཛུགས་ལེའུ་འབྲི་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་འཕེལ་རིམ་བཀོད་སྒྲིག་ནན་མོ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་པོའི་ཁྲིམས་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས། སྔ་སྣུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་བསམ་འཆར་བསྡུ་ལེན་བྱས་ནས། ཁྲིམས་འཛུགས་འཆར་འགོད་སྒྲིག་ལུགས་ཀྱི་ཆབ་སྲིད་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་དགོས་གལ་རང་བཞིན་ཁོང་དུ་ཆུད་པར་བྱེད་པ། ལག་བསྟར་རང་བཞིན་འགན་སྲུང་བྱེད་པ་འགན་སྲུང་བྱེད་དགོས། ཁྱད་ཆོས་ལྡན་ཞིང་ཞིབ་ཕྲ་ཡིན་པའི་ཁྲིམས་འཛུགས་ཀྱི་མཚོ་སྔོན་ལག་ལེན་གཏིང་ཟབ་ཏུ་སྤེལ་ཏེ། ས་གནས་ཁྲིམས་འཛུགས་ཀྱི་དུས་རབས་ཁྱད་ཆོས་དང་ས་ཁོངས་ཁྱད་ཆོས། མི་རིགས་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོབ་བྱེད་པ། ཧུར་ཐག་སྒོས་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།