ཟླ8པའི་ཚེས9ཉིན་ནས་ཚེས12ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཝང་ལིས་མེན་གྱིས་སྣེ་ཁྲིད་པའི་རང་ཞིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧན་ཞོ་ཝུའུ་དང་ཀྲང་ཀོང་རོང་། ཀྲང་ཞོ་རོང་། མ་དབྱི་སི་ཧྥུའུ། མ་ཧྥུའུ་ཁྲང་། ཁུན་ཆིན་ཅུའུ། པུས་ཧྲིན་ཀྲུང་། ཨ་ཧྲིན་ཆིན། མིན་ཧེ། ཤ་བོ་སྒྲོལ་མ་སོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོ་བྱས་ནས་ཆེད་དོན་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
རྟོག་ཞིབ་ཚན་ཁག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཅིག་སྒྲིལ་རྫོང་དང་པད་མ་རྫོང་སོགས་ལ་སོང་ནས་བྱ་བའི་ཕན་འབྲས་དང་དཀའ་ཁག་ཆེ་བའི་གནད་དོན། གཞི་རིམ་གྱི་རེ་བར་རྒྱུས་ལོན་བྱས། རྟོག་ཞིབ་ཚན་ཁག་གིས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ལམ་ལུགས་སྔར་ལས་གཟབ་ནན་དང་འཐུས་ཚང་དུ་བཏང་བ། སྐྱེ་ཁམས་བདེ་འཇགས་འགོག་རའི་འཛུགས་སྐྲུན་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་པ། ལྗང་མདོག་འཕེལ་རྒྱས་བགྲོད་ལམ་གྱི་མདུན་ལྗོངས་རྒྱ་ཆེན་པོ་མངོན་པར་བྱས་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ། ཆུ་མོ་དྭངས་ཤིང་རི་བོ་ལྗང་སྒྱུར་བྱེད་རྒྱུ་དེ་མཚོ་སྔོན་གྱི་ཁྱད་སྟོབས་དང་གཟི་བརྗིད་ཅིག་ཏུ་གྱུར་ཡོད་པར་སྙམ།
རྟོག་ཞིབ་ཚན་ཁག་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་དང་ལེན་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ལྗང་མདོག་ཚུལ་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་པ་དེ་ཀུན་གྱི་མདུན་དུ་སྐྱོད་དགོས། ལུགས་མཐུན་སྒོས་སྐྱེ་ཁམས་དང་དམངས་ཚིས་བར་གྱི་འབྲེལ་བ་ཐག་བཅད་ནས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་འགན་སྲུང་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་ཁྲིམས་སྐྱོང་འགན་སྲུང་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས།