མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་མཛོད་བཙུགས་པ་དང་ཁྲིམས་རིག་ཆེད་མཁས་པ་དོན་གསུམ་ཆེད་མཁས་མཛོད་དུ་ཚུད་པ།

  2022-08-10 16:27:34 

གསར་འགོད་པས་ཟླ8པའི་ཚེས9ཉིན་མཚ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་མཛོད་ཟི་ལིང་ནས་དངོས་སུ་བཙུགས་པ་དང་། ཆེད་མཁས་པ་དོན་གསུམ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་མཛོད་དུ་ཚུད། 

ཞིང་ཆེན་ཁྲིམས་རིག་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་མཛོད་བཙུགས་པ་དང་། དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་ལམ་ལུགས་ཁྱབ་གདལ་དུ་བཏང་བ་ནི་ཁྲིམས་རིག་ཚོགས་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ལ། ཧུར་ཐག་སྒོས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁྲིའི་ཁག་ཁུར་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལག་ལེན་ཁྲོད་ཟབ་ཞུགས་གང་ལེགས་བྱེད་པའི་གསར་གཏོད་བྱེད་ཐབས་ཤིག་ཀྱང་རེད། དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པ་དེ་ཕྱོགས་གསུམ་པའི་སྟོབས་ཤུགས་ཡིན་པའི་ཆ་ནས། དབུ་བཞུགས་ཆེད་མཁས་པ་དང་། མཐོ་རིམ་སྟེགས་བུ། གནད་དོན་གལ་ཆེན། དབང་གྲགས་བསམ་འཆར་བཅས་བྱ་བ་གཙོ་བོ་བཞིའི་རེ་བར་དམ་པོར་དམིགས་ཤིང་། ནན་ཏན་གྱིས་འགན་འཁྲི་ལག་བསྟར་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལས་རིགས་ཚད་ལྡན། དེ་མིན་རྩ་དོན་བཅས་བརྩི་སྲུང་བྱེད་པ། ཕན་ནུས་ལྡན་པ་དང་དྲང་བདེན་གྱིས་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་རེད། 


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།