ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་ཉེར་གཅིག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའིནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི། གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་ལ་རྒོལ་བའི་བཅའ་ཁྲིམས་འཆར་ཟིན་གྱི་གནད་དོན་གཙོ་བོར་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་ཞུ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གནད་དོན་གཙོ་བོར་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་ཞུར་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ཕྱོགས་སོ་སོས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་སྔར་ལས་རྒྱ་ཁྱབ་ངང་ཉན་དགོས་པར་མ་ཟད། བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཅན་མེན་དང་། ཀྲང་ཁྲུན་ཞན། ཅི་པེན་ཞོན། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།