ཟླ6པའི་ཚེས27ནས་ཚེས29ཉིན་བར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སྟེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པོ་དང་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་སུའུ་ཧེ་ཧོང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཆིན་ཏི། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཅན་ལེ། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ལིས་ཅུན། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་གོ་ཡུང་ཧྥ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མ་ཁྲིན་ཅུན་བཅས་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་འཕྲིན་བཅར་ཅུའུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་སོགས་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ། སྙན་ཞུའི་འཆར་ཟིན་བརྒྱུད་རིམ་དང་འདས་པའི་ལོ་ལྔའི་བྱ་བའི་གྲུབ་འབྲས་དང་འཕེལ་རྒྱས་ཉམས་མྱོང་ཁོང་དུ་ཆུད་པར་བྱེད་པ། ཕྱིན་ཆད་ཀྱི་ལོ་ལྔའི་བྱ་བའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། ཕྱིན་ཆད་ཀྱི་ལོ་ལྔའི་བྱ་བའི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་སོགས་ཕྱོགས་ནས་གཞི་གྲངས་ལ་དབྱེ་ཞིབ་དང་དཔེ་མཚོན་སྣ་མང་བཀོལ་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་འགྲེལ་ཀློག་དང་རྒྱས་བཤད་བྱས།
ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་སྒྲིག་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་ཚོས་ཀྲི་ཅུན་གྱིས་བཤད་དོན། ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་བརྒྱུད་རིམ་ཡོངས་སུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཁྲིམས་སྐྱོང་བྱ་བ་ཁྱོན་ཡོངས་ཅན་དང་ཁྱོན་ཡོངས་བྱ་བ་ཁྲིམས་སྐྱོང་ཅན་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་བྱ་བའི་སྣེ་ཁྲིད་དཔེ་སྟོན་དང་ཚོད་འཛིན་ཚད་ལྡན། ལྟ་སྐུལ་ཡོ་བསྲང་། ཞབས་ཞུ་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་པ་ཡིན་ཟེར།
མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དབྱང་ཅིན་ཧྲན་གྱིས་བཤད་དོན། སྒྲོག་འགྲེལ་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་ཐེབས། བསམ་བློ་དང་འགུལ་སྐྱོད་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་དང་ལག་བསྟར་གྲུབ་འབྲས་དེ་བྱ་བའི་འགུལ་སྐྱོད་ཐད་ནས་མཚོན་པར་བྱེད་པར་མ་ཟད། ཧུར་ཐག་སྒོས་ཁུལ་ཁོངས་ཀྱི་གནས་སྐོར་དང་དུས་ཚིགས་ཡོངས་ཀྱི་གནས་སྐོར་གསོ་སྐྱོང་བྱེད་པ་དང་། ལྗོངས་རྒྱུ་གནས་སྐོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་ཆེར་བཏང་ནས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱེད་པར་མཚོ་ནུབ་ཀྱིས་ནུས་པ་ཆེན་པོ་འདོན་པ་ཡིན།