མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཱ་ཝེ་ཡིས་འགོ་འཛིན་བྱས་ཏེ་ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་བསྡུས།

  2022-06-29 16:14:02 

ཟླ6པའི་ཚེས28ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་འགོ་འཛིན་བྱས་ཏེ་ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་བསྡུས་ཏེ། གློག་སྐས་བདེ་འཇགས་ཁྲིམས་འཛུགས་བྱ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

མཱ་ཝེ་ཡིས་བསྟན་དོན། གློག་སྐས་བདེ་འཇགས་སྲོལ་ཡིག་གཏན་འབེབས་བྱེད་པ་ནི་གློག་སྐས་དོན་རྐྱེན་ཇེ་ཉུང་དུ་གཏོང་བ་དང་། གློག་སྐས་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་པའི་རྩ་བའི་བྱེད་ཐབས་ཡིན་པ་དང་། མང་ཚོགས་ཀྱི་བདེ་འཇགས་དང་འཆམ་མཐུན་བརྟན་འཇགས། ཐོན་སྐྱེད་འཚོ་བ་བཅས་དང་འབྲེལ་བ་ཡོད་པས།  ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གློག་སྐས་བདེ་འཇགས་དོ་དམ་ཁྲིམས་ལྟར་ཚད་ལྡན་དང་ལས་ཕྱོད་ཆེ་བར་སྐུལ་འདེད་གཏོང་དགོས།

མཱ་ཝེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་བྱེད་པ། སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། ལས་རིགས་ཀྱིས་ཡིད་རྟོན་རང་གཅུན་བྱེད་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པ། ཆ་འཕྲིན་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པའི་སྦྲེལ་ཐག་ཡོངས་ཀྱི་ལམ་ལུགས་ལམ་སྲོལ་གྲུབ་པར་བྱེད་དགོས། གློག་སྐས་བདེ་འཇགས་དོ་དམ་སྒྲིག་གཞི་དང་། འཕྲུལ་བསྟུན་རོགས་སྐྱོབ་མ་ལག ཡུན་ཕན་ལྟ་སྐུལ་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལ་བརྟེན་ནས་གློག་སྐས་བཀོལ་སྤྱོད་དང་སྲུང་སྐྱོབ་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། གློག་སྐས་བདེ་འཇགས་ཐད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་དངོས་བདེ་འཇགས་ཞིབ་བཤེར་དང་ཁྲིམས་འཛིན་ཤུགས་ཚད་ཆེ་རུ་གཏོང་བ། དཔྱད་ཞིབ་འགན་འདྲི་ཇེ་ཞིབ་ཏུ་གཏོང་བ། མི་མངོན་པའི་ཉེན་ཁ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གློག་སྐས་འདེམས་བཀོད་དང་སྲུང་སྐྱོབ་ཞིག་གསོ་སོགས་བྱེད་ཐབས་ཚད་ལྡན་དུ་བཏང་སྟེ་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་དགོས། གློག་སྐས་ཇུས་འགོད་དང་སྒྲིག་བཟོ། སྒྱུར་བཀོད། ཞིག་གསོ་བེད་སྤྱོད་སོགས་ཐད་ཀྱི་དོ་དམ་བླང་བྱ་དང་ཚད་གཞི་ཚད་ལྡན་དུ་བཏང་སྟེ་གློག་སྐས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱ་དགོས། སྡོད་དམངས་ཀྱི་གློག་སྐས་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་བ་དང་། བདེ་འཇགས་འགོག་ཟོན་དང་རང་ཉིད་སྲུང་སྐྱོང་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ་གློག་སྐས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།