ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་ལྟ་སྐུལ་བྱ་བའི་འཆར་གཞི་གཞིར་བཟུང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས2022ལོའི་ཟླ7པ་ནས་ཟླ8པའི་ནང་བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག་གི་ཁྲིམས་འཛིན་ཞིབ་བཤེར་སྤེལ་རྒྱུ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་སྐུལ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར། ལྟ་སྐུལ་བྱ་བའི་གསལ་ཚད་མཐོར་འདེགས་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཤེས་པའི་དབང་ཆར་འགན་སྲུང་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་ཆེད། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དུ་གཞུང་སྒྲུབ་ཁང་བཙུགས་ནས། སྤྱི་ཚོགས་ལས་རིགས་སོ་སོ་དང་དམངས་ཆེན་གྱི་འཐུས་མི། རྒྱ་ཆེའི་མང་ཚོགས་ཀྱིས་ཁ་པར་དང་འཕྲིན་ཡིག གློག་འཕྲིན། བརྙན་སྐྱེལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་ཞིང་གི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་ལག་བསྟར་བྱས་པའི་གནས་ཚུལ། གནས་པའི་གནད་དོན་དང་ལེགས་བསྒྱུར་བྱེད་ཐབས་སོགས་བསམ་འཆར་དང་གྲོས་གཞི་འདོན་པ་དགའ་བསུ་ཞུ་བཞིན་ཡོད།
འབྲེལ་འདྲིས་བྱེད་སའི་ལས་ཁུངས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ཡིན་ལ། ས་གནས་ཟི་ལིང་གྲོང་ཁྱེར་ལྔ་གཅིག་ལམ་ཨང་བཅུ་དྲུག་པ་ཡིན། ཁ་པར་དང་བརྙན་སྐྱེལ་ཨང་གྲངས0971_8459506ཡིན།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས2022ལོའི་ཟླ6པའི་ཚེས28ཉིན་བསྒྲགས།