མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པ་པེ་ཅིང་དུ་གྲོལ་བ།

  2022-06-25 20:48:19 

ཟླ6པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་ཐོག་ནས2021ལོའི་ཀྲུང་དབྱང་གི་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2021ལོའི་ཀྲུང་དབྱང་གི་ངེས་རྩིས་ལ་ཆོག་མཆན་སྤྲད། ཚོགས་ཐོག་ནས་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་བཅའ་ཁྲིམས་གྲོས་གཞི་བཞི་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། ཁྱབ་ཁོངས་གལ་ཆེན་གྱི་བཅའ་ཁྲིམས་མ་ལག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དམངས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཁྱབ་ཁོངས་གལ་ཆེན་གྱི་བཅའ་ཁྲིམས་མ་ལག་གི་ཞན་ཆ་དུས་ལྟར་མགྱོགས་མྱུར་ངང་གསབ་ནས། བཅའ་ཁྲིམས་མ་ལག་གི་གོ་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། དམངས་ཆེན་གྱིས་སྔོན་རྩིས་དང་ནོར་སྲིད་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་རྒྱུ་རྐྱེན་གྱིས་ནོར་སྲིད་ཀྱི་མ་དངུལ་བཀོལ་སྤྱོད་འོས་འཚམ་མ་བྱུང་བའི་གནད་དོན་ལ་རྩིས་བཤེར་ནན་ཏན་བྱས་ཏེ་དག་ཐེར་མཐའ་གཅིག་ཏུ་བྱ་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།