མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་བཞི་པ་དང་ཨང་བརྒྱ་དང་བཅོ་ལྔ་པ། ཨང་བརྒྱ་དང་བཅུ་དྲུག་པ། ཨང་བརྒྱ་དང་བཅུ་བདུན་པ། ཨང་བརྒྱ་དང་བཅོ་བརྒྱད་པ་བཅས་ཀྱི་སྟེང་མིང་རྟགས་བཀོད་པ།

  2022-06-25 20:48:10 

ཟླ6པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་བཞི་པ་དང་ཨང་བརྒྱ་དང་བཅོ་ལྔ་པ། ཨང་བརྒྱ་དང་བཅུ་དྲུག་པ། ཨང་བརྒྱ་དང་བཅུ་བདུན་པ། ཨང་བརྒྱ་དང་བཅོ་བརྒྱད་པ་བཅས་ཀྱི་སྟེང་མིང་རྟགས་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་བཞི་པའི་ནང་དུ།  ལུས་རྩལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཞེས་པར། 2022ལོའི་ཟླ6པའི་ཚེས24ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་དངོས་སུ་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བར་བརྟེན། ད་ལྟ་སྤྱི་སྒྲོག་སྤེལ་ཏེ2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་དགོས་ཞེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅོ་ལྔ་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོང་བཅའ་ཁྲིམས་ཞེས་པ་འདི། 2022ལོའི་ཟླ6པའི་ཚེས24ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་ནས་ད་ལྟ་སྤྱི་སྒྲོག་སྤེལ་ཏེ། 2022ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་དགོས་ཞེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་དྲུག་པའི་ནང་དུ། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ཞེས་པ་འདི། 2022ལོའི་ཟླ6པའི་ཚེས24ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་སྒྲོག་སྤེལ་ཏེ། 2022ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་དགོས་ཞེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་བདུན་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་བསྡུར་བྱེད་ཕྱོགས་སྐོར་གྱི་ལམ་སྲོལ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ཞེས་པ་འདི། 2022ལོའི་ཟླ6པའི་ཚེས24ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་སྒྲོག་སྤེལ་ཏེ། 2022ལོའི་ཟླ6པའི་ཚེས25ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་དགོས་ཞེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅོ་བརྒྱད་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་གི2022ལོའི་ཟླ6པའི་ཚེས24ཉིན་གྱི་ཆོད་དོན་གཤམ་གསལ་ལྟར།

གཅིག་ནས་ཁྲེན་ཞའོ་ཅང་གི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོ་རྒྱུ། ཕན་ཡུའེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་འཇོག་རྒྱུ།

གཉིས་ནས་ཀྲའོ་ཁེ་ཀྲི་ཡིས་འགན་གཅིག་ལྕོགས་བྱེད་པའི་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་བཟོ་རྒྱུ། ཝང་ཞའོ་ཧུང་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ལ་འཇོག་རྒྱུ།

གསུམ་ནས་ཀྲང་ཅི་ནན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་བཟོ་རྒྱུ། ཀྲིག་ཙུའུ་དབྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ལ་འཇོག་རྒྱུ།

བཞི་ནས་ལུའུ་ཧའོ་ཡི་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་བཟོ་རྒྱུ། ཝང་ཀོང་ཧྭ་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལ་འཇོག་རྒྱུ།

ལྔ་ནས་ཉིས་ཧུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ལ་འཇོག་རྒྱུ།

དྲུག་ནས་སུན་ཧྲའོ་པང་གི་དམག་ཁུངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་བཟོ་རྒྱུ།

ཕའེ་ཅིན་ཅཱ་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་ལ་འཇོག་རྒྱུ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།