མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  2022-06-25 07:28:28 

ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་མཱ་ཧེ་དབྱིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཱ་ཧེ་དབྱིན་གྱིས་དུས་སྐབས་སྔོན་གྱི་རྟོག་ཞིབ་གནས་ཚུལ་བརྗོད་གཞི་བྱས་ནས་སྙན་ཞུ་ཕུལ། ཝུའུ་ཅན་ཅུན་སོགས་ཨུ་ཡོན་གྱིས་གཏམ་བཤད་པ་དང་། ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་བཅོ་ལྔ་འགྲེམ་སྤེལ་བྱས། ཞིང་ཆེན་ཏང་ཨུའི་དྲ་ངོས་ཆ་འཕྲིན་གཞུང་སྒྲུབ་ཁང་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ལ་ལན་བཏབ།

ཁོང་ཡུང་གིས་གཏམ་བཤད་སྐབས་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད་རང་ཞིང་གི་ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བྱ་བའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་མཚམས་སྦྱོར་བྱས། ཁོས་བསྟན་དོན། ནར་མ་སོན་པའི་མི་ཡི་བཅའ་ཁྲིམས་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ནར་མ་སོན་པའི་མི་འཚར་ལོངས་འབྱུང་བའི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བྱ་བའི་དྲ་རྒྱ་ཆ་ཚང་དུ་བཏང་ནས། སྲིད་ཇུས་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་ཡིན་པ་དང་། རྩ་འཛུགས་མཉམ་འགུལ་སྒྲིག་གཞི་ཆ་ཚང་ཡིན་པ། འབྲེལ་ཡོད་འགན་སྲུང་རྐྱེན་སྲོལ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་བྱ་བའི་ཆགས་སྟངས་རིམ་བཞིན་གྲུབ་པར་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་བཞུགས་མོལ་གྲོས་ཚོགས་ཀྱིས་བརྗོད་གཞི་བདམས་པའི་ངེས་གནས་ཡང་དག་པ་དང་ཞིབ་བཤེར་དང་ཞིབ་འཇུག་བྱས་པ་ནན་ཏན་ཡིན་ལ། གཏམ་བཤད་བརྗོད་སྙིང་འབུར་དུ་ཐོན་ཡོད་པ་དང་། དམངས་གཙོའི་སྣང་ཚུལ་ལེགས་ལ་བཞུགས་མོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་མིན་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་སློབ་སྦྱོང་བཟང་པོ་བྱས་ཏེ་གོ་བ་ཟབ་མོ་བླངས་ནས་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བྱ་བའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་སྒྲིག་སྲོལ་ལམ་ལུགས་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ནས། ནར་མ་སོན་པའི་མི་འཚར་ལོངས་འབྱུང་བའི་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱེད་བྱེད་པ་དང་། ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བཅའ་ཁྲིམས་རང་ཞིང་དུ་དངོས་འབེབས་གང་ལེགས་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མི་ཡི་སྲུང་སྐྱོང་ལས་དོན་ཐད་ལ་སྲིད་གྲོས་ཀྱིས་བློ་གྲོས་དང་སྟོབས་ཤུགས་འདོན་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།