ཟླ6པའི་ཚེས13ནས་ཚེས15ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བ་ཁག་ཐེག་བྱེད་པ་བརྗོད་དོན་གཙོ་བོ་ཡིན་པར་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཁག་སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་མིན་རྫོང་ཁག་ཁ་ཤས་ཀྱི་ཁྲིམས་འཛིན་ལས་ཁུངས་དང་སློབ་གྲྭ་འབྲིང་ཆུང་སོགས་ལས་ཁུངས་སུ་སོང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་བྱས་པར་མ་ཟད། ནར་མ་སོན་པའི་མི་ཡི་སྲུང་སྐྱོང་བྱ་བའི་ཁོངས་གཏོགས་ལས་ཁུངས་ཁ་ཤས་ཀྱི་འགན་འཁུར་བ་དང་དགེ་རྒན་གྱི་འཐུས་མི། ཁྱིམ་བདག་གི་འཐུས་མི་སོགས་དང་བཞུགས་མོལ་བྱས་ནས་བསམ་བློ་བརྗེ་རེས་བྱས།
མཱ་ཧེ་དབྱིན་གྱིས་ཁུལ་གཉིས་ཀྱིས་ནར་མ་སོན་པའི་མི་ཡི་བྱ་བ་བཟང་པོར་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ། ཧུར་ཐག་སྒོས་ལག་བསྟར་བྱེད་པ་དང་རྩ་འཛུགས་སྒྲིག་གཞི་ཆ་ཚང་དུ་གཏོང་བ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་དང་ལས་འགན་གཏན་འཁེལ་གསལ་པོ་བྱེད་དགོས། ཁོངས་གཏོགས་ལས་ཁུངས་སོ་སོས་རང་འགུལ་སྒོས་བྱ་སྤྱོད་སྤེལ་ཞིང་ས་གནས་ཀྱི་དོན་དངོས་ལ་དམིགས་པ་དང་། ཧུར་ཐག་སྒོས་ནར་མ་སོན་པའི་མི་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གསར་པ་དང་སྒྲུབ་སྟངས་གསར་པར་འཚོལ་ཞིབ་བྱས་ནས། ནར་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་པར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།