ཟླ5པའི་ཚེས19ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས99པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཝང་ལིས་མེན་དང་མཱ་ཝེ། ཉུའེ་ཁྲིན་ཡུན། ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་རིམ་བཞིན《མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་བདེ་འཇགས་སྲོལ་ཡིག་འཆར་ཟིན》ལ་གྲོས་ཞིབ་བྱེད་པ་དང་། 《ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་བྱེད་པ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནོར་སྲིད་སྔོན་རྩིས་དོ་དམ་སྲོལ་ཡིག》དང《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་སྲོལ་ཡིག》དང《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་སྲོལ་ཡིག》ལ་ཞིབ་བཤེར་བྱེད་པ། 《ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་བྱེད་པ་བཅས་ཀྱི་གནས་ཚུལ་ལ་རིམ་པ་བཞིན་ཉན་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཡར་སྐུལ་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཡར་སྐུལ་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། 2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་སྟེར་བར་མ་ཟད་ཡོང་སྒོ་དང་འགྲོ་སོང་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱེད་པའི་སྐོར་གྱི་ཞིབ་བཤེར་སྙན་ཞུ། 2021ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མི་དོན་བསྐོ་འཐེན་སོགས་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་བཅས་ལ་ཉན། ཀྲུའུ་རེན་གྲོས་ཚོགས་སྟེང་གོང་གི་ཡར་ཞུ་ལ་འཐད་པ་བྱུང་བར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོས་ཐེངས33པར་གྲོས་ཞིབ་བྱེད་པར་སྤྲད།
གྲོས་ཚོགས་ནས་གཞུང་སྒྲུབ་ཐིང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་ཉིན་རིམ་འཆར་ཟིན་སྐོར་གྱི་ཡར་ཞུ་ལ་ཉན།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།