མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཀྲན་ཧྲུའུ་བརླན་ས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  2022-05-12 11:37:23 

ཟླ5པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་བརླན་ས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརླན་ས་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བརླན་ས་སྲུང་སྐྱོང་བཅའ་ཁྲིམས་དྲིལ་སྒྲོག་གང་ལེགས་བྱེད་པ་དང་དངོས་འབེབས་མཐར་ཕྱིན་བྱེད་པ། ལག་བསྟར་ཡག་པོ་བཅས་བྱས་ནས། རང་རྒྱལ་གྱི་བརླན་ས་སྲུང་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་སྟེང་སྐྱོད་རྒྱུར་སྣེ་འདོམས་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་ཀྱི་ཉིང་དགོས་ནི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་བརླན་སའི་རང་བདག་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་། བརླན་སའི་རིམ་དབྱེའི་དོ་དམ་དང་མིང་གཞུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་གང་ལེགས་བྱེད་པ། ཚད་མཐོའི་དངོས་པོ་ཕྱིར་གཏོང་དང་ཚོང་ལས་ཅན་གྱི་གསར་སྤེལ་ཚད་བརྒལ་གྱི་རིགས་ལ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། བརླན་ས་སླར་གསོའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་ཏན་བྱེད་དགོས། སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་བཅའ་ཁྲིམས་མཐུན་སྦྱོར་འབྲེལ་མཐུད་གང་ལེགས་ཡོང་བར་བྱས་ཏེ། བརླན་ས་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་དྲ་རྒྱ་དམ་ཚགས་བཟོ་དགོས། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་པའི་བྱེད་ཤུགས་ཆེ་རུ་བཏང་ནས། ཞིབ་བཤེར་དང་རྩིས་བཤེར། དམངས་དོན་གྱི་སྐྱིན་ཚབ་འཇལ་བ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ། བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

བརླན་ས་སྲུང་སྐྱོང་བཅའ་ཁྲིམས་དེ2021ལོའི་ཟླ12པའི་ནང་དངོས་སུ་གྲོས་འཆམ་བྱུང་བ་དང་། ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

ཧྲིན་ཡུའེ་ཡུའེ་ཚོགས་འདུར་ཞུགས་པ་དང་ཏིན་ཀྲུང་ལིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།