མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་གོ་བརྒྱད་པ་འཚོགས་པ།

  2022-05-01 15:45:55 

ཟླ4པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་གོ་བརྒྱད་པ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཡུས་ཚོང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། མཱ་ཝེ་དང་ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རིམ་པ་བཞིན་ཞིང་ཆེན་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་བདེ་འཇགས་སྐོར་གྱི་འཆར་ཟིན་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་སྔོན་རྩིས་དོ་དམ་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་ལག་བསྟར་བྱེད་མཚམས་འཇོག་པར་ཞིབ་བཤེར་བྱེད་པའི་སྐོར་གྱི་ཆོད་དོན། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་བཟོ་བཅོས་སྲོལ་ཡིག་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུའི་ཐོན་ཁུངས་སྲུང་སྐྱོང་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་སྲོལ་ཡིག ཟི་ལིང་གྲོང་ཁྱེར་གཞིས་ཁུལ་དོ་དམ་བཟོ་བཅོས་སྲོལ་ཡིག་ཟི་ལིང་གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་བགར་དོ་དམ་སྲོལ་ཡིག་བཅས་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་གནས་ཚུལ་ལ་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་སྒྱུར་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་སྒྱུར་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2021ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་ཡར་ཞུ་ལ་འཐད་པ་བྱུང་བར་མ་ཟད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་གྲོས་གཞིའི་བརྗོད་དོན་དུ་བཞག

ཚོགས་ཐོག་ནས་གཞུང་སྒྲུབ་ཐིང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་ཡར་ཞུ་ལ་ཉན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།