མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་བཟོ་བཅོས་བརྒྱབ་རྗེས་ཀྱི་ས་མིང་དོ་དམ་སྲོལ་ཡིག་ཅེས་པ་བསྒྲགས་པ།

  2022-04-24 11:40:58 

ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བརྒྱབ་རྗེས་ཀྱི《ས་མིང་དོ་དམ་སྲོལ་ཡིག》ཅེས་པ་ཁྱབ་བསྒྲགས་བྱས། སྲོལ་ཡིག་དེ2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་དེར་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ཞེ་བཞི་ཡོད་པ་དང་། ས་མིང་དོ་དམ་གྱི་ཐད་ལ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གཏན་འབེབས་བྱས་ཡོད་པས། ས་མིང་དོ་དམ་ཁྲིམས་སྐྱོང་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། དུས་རབས་གསར་པའི་ས་མིང་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་རེད།

སྲོལ་ཡིག་གི་ནང་དུ་ལྟ་སྐུལ་ཞིབ་བཤེར་གྱི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཟོས་ནས། སྒྲིག་འགལ་གྱི་ངང་ནས་ས་མིང་བསྐྱར་བཅོས་བྱས་པ་དང་། ཐོ་འགོད་སྙན་ཞུ་མ་ཕུལ་བའམ་ཡང་ན་དུས་ཐོག་ཏུ་ཐོ་འགོད་སྙན་ཞུ་མ་བྱས་པ། ཚད་ལྡན་གྱི་མིང་ཚད་གཞི་ལྟར་བེད་སྤྱོད་མ་བྱས་པ། ས་མིང་གི་དོད་རྟགས་ལ་གཏོར་བརླག་བཏང་བ་སོགས་ཀྱི་བྱ་སྤྱོད་ལའང་དེ་བསྟན་གྱི་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བྱས་ཡོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།