མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་གཅིག་པ་དང་བརྒྱ་དང་བཅུ་གཉིས་པ། བརྒྱ་དང་བཅུ་གསུམ་པ་བཅས་ཀྱི་སྟེང་མཚན་བཀོད་པ།

  2022-04-24 10:03:48 

ཟླ4པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་གཅིག་པ་དང་བརྒྱ་དང་བཅུ་གཉིས་པ། བརྒྱ་དང་བཅུ་གསུམ་པ་བཅས་ཀྱི་སྟེང་མཚན་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་གཅིག་པའི་ནང་བཀོད་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཅད་ཚོང་ཟོག་དང་བསྐྱེད་འབྱུང་དངོས་རྫས་སྐོར་གྱི་བཅའ་ཁྲིམས》ཞེས་པ2022ལོའི་ཟླ4པའི་ཚེས20ཉིན་བསྡུས་པའི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པའི་སྟེང་གྲོས་འཆམ་བྱུང་བར་བརྟེན། ད་ལྟ་དངོས་སུ་སྤྱི་བསྒྲགས་སྤེལ་ཏེ། 2022ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་གཉིས་པའི་ནང་བཀོད་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས》ཞེས་པ2022ལོའི་ཟླ4པའི་ཚེས20ཉིན་བསྡུས་པའི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པའི་སྟེང་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བར་བརྟེན། ད་ལྟ་དངོས་སུ་སྤྱི་བསྒྲགས་བྱས་ཏེ། 2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཅུ་གསུམ་པའི་ནང་བཀོད་དོན། 2022ལོའི་ཟླ4པའི་ཚེས20ཉིན་བསྡུས་པའི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པའི་གཏན་འབེབས་གཞིར་བཟུང་སྟེ། ཝང་མིན་ཧོས་ཀྱི་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།