མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།

  2022-04-14 15:07:28 

ཟླ4འི་ཚེས13ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པའི་སྟེང་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་སྲོལ་ཡིག》གཉིས་ཀྱི་ནང་དོན་དང་རྒྱབ་ལྗོངས། འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་སྲོལ་ཡིག་གཉིས་ལག་བསྟར་དང་དངོས་འབེབས་བྱེད་པའི་གནས་ཚུལ་དང་ཁྲིམས་འཛུགས་བརྒྱུད་རིམ། ནང་དོན་གཙོ་བོ། དམིགས་ཡུལ་དང་དོན་སྙིང་། གོ་རིམ་རྗེས་མའི་བྱ་བའི་འཆར་འགོད་སོགས་ཀྱི་ཐད་ནས་གསར་འགྱུར་སྒྲོག་སྤེལ་བྱས།

《མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་ཀྲུང་ལུགས་སྨན་རྫས་ཞབས་ཕྱི། ཀྲུང་ལུགས་སྨན་རྫས་སྲུང་སྐྱོང་དང་འཕེལ་རྒྱས། ཀྲུང་ལུགས་སྨན་རྫས་སློབ་གསོ་དང་ཚན་ཞིབ། ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་རིག་གནས་བརྒྱུད་སྒྲོག འགན་སྲུང་བྱེད་ཐབས། བཅའ་ཁྲིམས་འགན་འཁྲི། ཞར་བྱུང་བཅས་བསྡོམས་པས་ལེའུ་བརྒྱད་ཡོད་པ་དང་དོན་ཚན་ང་གསུམ་ཡོད། སྲོལ་ཡིག་དེ2022ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་ལྟ་སྐུལ་དོ་དམ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་པ། བཙོག་བཟོ་དང་སྤྱི་གནོད་གཞན་པ་འགོག་བཅོས་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་དམངས་ཞུགས་པ། བཅའ་ཁྲིམས་འགན་འཁྲི། ཞར་བྱུང་བཅས་བསྡོམས་པས་ལེའུ་བདུན་ཡོད། སྲོལ་ཡིག་དེ2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།