ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་ནས། སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་རྒྱག་པ་དང་མེད་པར་བཟོ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
དཔང་འཛིན་ལོགས་འགར་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྔར་ལས་སྐུལ་འདེད་གཏོང་བ། ཁྲོམ་ར་གཙོ་བོའི་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་པར་བྱེད་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་ཟིལ་ཤུགས། དབང་གྲགས་བཅས་ལ་སྲུང་སྐྱོང་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔང་འཛིན་ལོགས་འགར་གྱི་བཅོས་སྒྱུར་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྲོལ་དང་དེ་བཞིན་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་དང་རྩ་དོན་དང་མི་མཐུན་པའི་སྲིད་འཛིན་ཁྲིམས་སྲོལ་ལ་གཙང་བཤེར་བྱས། དུས་མཚུངས་སུ། འཕྲིན་བཅར་ལས་དོན་སྲོལ་ཡིག་ཅེས་པ་དངོས་སུ་བཏོན་པའི་རྗེས་མཐུད་ལས་དོན་བཟང་པོར་བསྒྲུབས། དེར་བརྟེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་གྱི་དོན་ཚན་ཁག་བཅུ་བཞི་ལ་བཟོ་བཅོས་རྒྱག་རྒྱུ་དང་། སྲིད་འཛིན་ཁྲིམས་སྲོལ་ཁག་དྲུག་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས།