ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲིན་བཅར་བྱ་བའི་སྲོལ་ཡིག་ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ནས་བརྡ་ཐོ་བཏང་སྟེ། ས་གནས་དང་སྡེ་ཁག་སོ་སོས་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོའི་ནང་བསྟན་དོན། འཕྲིན་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན། སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གིས་དུས་ཡུན་རིང་པོའི་ནང་འཕྲིན་བཅར་ལས་དོན་ལ་མགོ་ཁྲིད་དང་འཕྲིན་བཅར་ལས་དོན་སྤེལ་བའི་ཉམས་མྱོང་སྤྱི་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི། འཕྲིན་བཅར་ལས་དོན་ལམ་ལུགས་བཅོས་སྒྱུར་གྲུབ་འབྲས་ལ་སྤྱི་སྡོམ་གང་ལེགས་བྱས་ནས། ཏང་གིས་འཕྲིན་བཅར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། འཕྲིན་བཅར་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་ཡོང་བར་བྱ་རྒྱུ་ནི་དུས་རབས་གསར་པའི་འཕྲིན་བཅར་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་འཕྲིན་བཅར་ལས་དོན་གྱི་རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་འཕྲིན་བཅར་ལས་དོན་གྱི་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། འཕྲིན་བཅར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྲོལ་ཡིག་ལག་བསྟར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲིན་བཅར་སྲོལ་ཡིག་ཁྲིམས་བཀོད་གོ་རིམ་ལྟར་མེད་པར་མ་བཟོས་གོང་གི་འབྲེལ་ཡོད་ལས་དོན་ལ་འབྲེལ་མཐུད་ཡག་པོ་བྱས་ནས། བདེ་བླག་དང་བརྟན་པོའི་ངང་བར་བརྒལ་ཐུབ་པར་འགན་ལེན་བྱེད་དགོས། སྲོལ་ཡིག་གི་སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་འགྲེལ་བཤད། དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་བཅས་ཡག་པོ་བྱས་ནས། སྤྱི་ཚོགས་ཧྲིལ་པོར་བྱ་བ་སྒྲུབ་སྐབས་ཁྲིམས་ལྟར་དང་དོན་དག་ལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་བཀོལ་བ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། འཕྲིན་བཅར་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་དང་འཕྲིན་བཅར་སྡེ་ཁག་གིས་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་བླ་ན་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་གནད་དོན་གྱི་ཁྲིད་ཕྱོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་འགན་འཁྲི་འཁུར་བ་བཅས་བྱས་ཏེ། བྱ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པའི་སྒོ་ནས་མཐོར་འདེགས་གཏོང་དགོས།
སྲོལ་ཡིག་ལ་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་ལྔ་བཅུ་ཡོད་ཅིང་། 2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།