ཟླ3པའི་ཚེས31ཉིན་ནས་ཟླ4པའི་ཚེས2ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ། ཟི་ལིང་གྲོང་ཁྱེར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཁྲིམས་འཛིན་ཞིབ་བཤེར་སྤེལ།
ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་མཚོ་སྔོན་སློབ་ཆེན་དང་ཟི་ལིང་ཚན་རྩལ་ཚོང་ར་ཆེན་མོ། མཚོ་སྔོན་ཧྭ་ཧྲི་སྡེ་ཚོགས། མཚོ་སྔོན་དགེ་ཐོན་སློབ་ཆེན། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཕྱི་ཚོམས་ཆེན་བཅས་ལ་སོང་ནས་ཞིབ་བཤེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་ཟི་ལིང་གྲོང་ཁྱེར་ཚན་རྩལ་ཅུའུ་སོགས་སྡེ་ཁག་གི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་ལག་བསྟར་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད། ཚན་རྩལ་ཁེ་ལས་སྐོར་ཞིག་གི་འགན་ཁུར་མི་སྣ་དང་བཞུགས་མོལ་བྱས།
ཀྲང་ཧོང་ཡོན་གྱིས་ཉེ་བའི་ལོ་འགའི་རིང་ཟི་ལིང་གྲོང་ཁྱེར་གྱིས་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་ལག་བསྟར་བྱེད་པའི་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཐོ་ཚད་ནས། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ངང་ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བའི་སྟེགས་བུ་འཛུགས་པ། རྣམ་པ་མང་པའི་བསྒྱུར་ཐབས་སྤྱོད་པ། འཕེལ་རྒྱས་ལ་གནོད་བྱེད་པའི་ཞན་ཆ་གསབ་པ། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བར་ཕན་པ་ཡོད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱིས་མཐོ་ས་འཛུགས་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།