མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་དེ་དམག་དོན་མི་སྣའི་གནས་སྐབས་ལག་བསྟར་སྲོལ་ཡིག་ཅེས་པ་དང་འོས་འགན་དམག་མིའི་ལས་རིགས་འཕེལ་རྒྱས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་ཞེས་པ་སོགས་མ་ལག་ཆ་ཚང་བའི་ཁྲིམས་སྲོལ་པར་སྐྲུན་འགྲེམས་སྤེལ་བྱས་པ།

  2022-03-31 16:11:12 

ཉིན་འགའི་སྔོན་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དོན་མི་སྣའི་གནས་སྐབས་ལག་བསྟར་སྲོལ་ཡིག་ཅེས་པ་དང་། འོས་འགན་དམག་མིའི་ལས་རིགས་འཕེལ་རྒྱས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་ཞེས་པ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ཡི་ལས་ཀའི་གནས་སྐབས་ལག་བསྟར་གཏན་འབེབས། དམག་མིའི་ལམ་ལུགས་བཅོས་སྒྱུར་གཞན་སྒྱུར་གྱི་བར་བརྒལ་གནད་དོན་སྐོར་གྱི་བརྡ་ཐོ་ཞེས་པ་སོགས་མ་ལག་ཆ་ཚང་བའི་ཁྲིམས་སྲོལ་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། ཁྲིམས་སྲོལ་དེ་དག་ཚང་མ2022ལོའི་ཟླ3པའི་ཚེས31ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག་དང་། འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག དེ་འབྲེལ་གྱི་མ་ལག་ཆ་ཚང་བའི་ཁྲིམས་སྲོལ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དངོས་འབེབས་དོན་འཁྱོལ་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དོན་གྲ་སྒྲིག་དང་དམག་འཐབ་ལ་དམ་པོར་དམིགས་པ། དམག་མི་གོང་དུ་བཀུར་བ། གཞི་རིམ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་མིའི་དཔུང་སྡེ་ཡི་ཆེད་ལས་ཅན་དང་བརྟན་པོའི་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ། འོས་འགན་དམག་མིའི་དཔུང་སྡེ་ཡི་དམག་དོན་འཇོན་ཐང་འཛུགས་སྐྲུན་ཁྲོད་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་བསྐྱེད་པ། དམག་མི་དང་འོས་འགན་དམག་མི་འདེམས་སྒྲུག་ཁ་གསབ་བྱེད་པ། གསོ་སྐྱོང་བེད་སྤྱོད་དང་སློབ་གསོ་དོ་དམ། འདེམས་སྒྲུག་གནས་སྤོར། ཐོབ་ཐང་འགན་ལེན། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་སོགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དམག་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུར་གཞི་གཞི་འཛིན་ས་དང་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག་ཅེས་པ་དང་། འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག་ཅེས་པ། དེ་བཞིན་འབྲེལ་ཡོད་ཀྱི་མ་ལག་ཆ་ཚང་བའི་ཁྲིམས་སྲོལ་ཁྱབ་སྒྲོག་དང་ལག་བསྟར་གང་ལེགས་བྱས་ན། དམག་མིར་དོ་དམ་བྱེད་པའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བྱང་ཚད་མཐོ་བའི་དམག་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་ཆེན་པོ་ལྡན།

སློབ་གསོ་པུའུ་དང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་བཅས་ཀྱིས་དམག་མི་དང་སློབ་མ་བསྡུ་བའི་ལས་དོན་གྱི་གནས་སྐབས་ལག་བསྟར་གཏན་འབེབས་ཞེས་པ་མཉམ་དུ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།