ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་བཏོན་པའི་བྱ་བའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྲོལ་ལྟར་ཏང་སྐྱོང་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབབས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པའི་ཐད་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། མཱ་ཝེ། ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གོ་གནས་གལ་ཆེན་དུ་བཞག་སྟེ། ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་དང་སྦྲེལ་མཐུད་བྱེད་ཐུབ་པའི་མ་ལག་ཆ་ཚང་ཞིག་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་མཚོན་རྟགས་རང་བཞིན་དང་། གནད་འགག་རང་བཞིན། སྣེ་ཁྲིད་རང་བཞིན་ལྡན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་གཏན་འབེབས་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་གྱི་དོན་དངོས་ཕན་འབྲས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་དངོས་འབེབས་དང་རྐང་ཚུགས་པར་ཁག་ཐེག་བྱས་ཡོད། ཁོས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་མེད་དུ་མི་རུང་བ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་དགོས་ངེས་དོན་སྙིང་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཡུན་རིང་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཀྱང་ཡིན་པ་མ་ཟད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་དགེ་མཚན་དེ་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ཕན་ནུས་ཀྱི་དོན་དངོས་དགོས་མཁོ་རུ་བསྒྱུར་བ་ཡིན་པས། བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་དོན་དངོས་དང་ཞིབ་ཚགས་ནན་ཏན་སྒོས་གྲུབ་འབྲས་ཡོད་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་ཤུགས་ཇེ་དྲག་ཏུ་གཏོང་ན། ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཆབ་སྲིད་ལངས་གནས་མཐོ་རུ་གཏོང་བ། རྒྱལ་དོན་གྱི་ཆེ་ཕྱོགས་ཀྱི་འདུ་ཤེས་སེམས་སུ་ཉར་བ་དང་། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་དགོས། ཐོག་མཐའ་བར་གསུམ་ཀུན་ཏུ་གསར་འཛུགས་བྱེད་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། དོ་དམ་བྱེད་ཐུབ་པའི་སྒྲིག་འཛུགས་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ལམ་ལུགས་འདོན་སྤྲོད་ལེགས་སྒྱུར་དང་། གཏན་འབེབས་སྤུས་ཚད་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་ཀུན་ཏུ་ཁྲིམས་སྲོལ་ལ་བརྟེན་པ་དང་། ལག་བསྟར་ནན་མོ་བྱེད་པ། སྒྲིག་འགལ་ཡོ་བསྲང་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ཚད་ལྡན་ཡོང་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་དགོས། ཁྲིམས་སྲོལ་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཐུབ་པ་བྱས་ཏེ། བྱ་བའི་རྐྱེན་སྲོལ་ཆ་ཚང་དང་། དཔུང་ཁག་འཛུགས་སྐྲུན་ཤུགས་དྲག སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བཅས་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།
ཡུས་ཚུང་ལི་ཡིས་བསྟན་དོན། ཁྲིམས་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་ན། ཁྲིམས་སྲོལ་ལྟར་ལག་བསྟར་ནན་མོ་དང་། ཁྲིམས་འཛིན་འགན་འཁྲི་ཇེ་དམ་དུ་གཏོང་བ། ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བསྡུར་ནས། གཏན་འབེབས་ལེགས་བཅོས་དམ་འཛིན་དང་། དངོས་འབེབས་ལག་བསྟར་དམ་འཛིན་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་ཁྲིམས་སྲོལ་ལྟར་འགན་འཁྲི་སྒྲུབ་པ་དང་བྱ་བ་སྤེལ་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།
གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།