ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚོགས་འདུར་མགོ་འཛིན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུར་ཉན།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བཅའ་ཁྲིམས་ནི་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། བཅའ་ཁྲིམས་ཀྱི་གཏན་འབེབས་ལ་དམ་པོར་དམིགས་ནས་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་བཅའ་ཁྲིམས་ཤེས་རྟོགས་དང་ལག་བསྟར་བྱེད་པར་དོ་སྣང་བྱས་ཏེ། དོན་ཚན་རེ་རེ་བཞིན་བཅའ་ཁྲིམས་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱེད་མིན་དང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་མིན། བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་མིན། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རྗེས་སྙེག་ལྟ་སྐུལ་དང་དག་ཐེར་ཡོ་བསྲང་བཅས་བྱས་ཏེ། ཁྲིམས་སྐྱོང་བགྲོད་ལམ་སྟེང་ནས་འབག་བཙོག་འགོག་བཅོས་དང་། སྐྱེ་ཁམས་ཁོར་ཡུག་དང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་ཞིབ་བཤེར་གྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོ་གང་ལེགས་སྤེལ་བ། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བ་ནས་བཟུང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་དམ་པོར་དམིགས་ཏེ། བསྟུད་མར་ལོ་ངོ་བཞིའི་རིང་ལ། རླུང་ཁམས་ཆེ་མོ་དང་ཆུ། ས་རྒྱུའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས། སྲ་གཟུགས་སྙིགས་རོའི་ཁོར་ཡུག་འབག་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་སོགས་ཆེད་དོན་བཅའ་ཁྲིམས་བཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། ད་ལོའང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་འདི་ཉིད། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚན་གཙོའི་འགན་ཁུར་ནས། ཁྱོན་ཞིབ་བཤེར་ཚན་ཆུང་བཞིར་བགོས་ཏེ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་དང་ཆབས་ཅིག ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞན་དག་ལ་མངགས་བཅོལ་བྱས་ཏེ་ཞིབ་བཤེར་བྱས་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་བཅས་ཚང་མ་ཁེབས་པར་བྱས།