མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲང་ཧོང་ཡོན་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

  2022-03-21 11:24:28 

ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་གྲུབ་འབྲས་འཕོ་འགྱུར་སྐུལ་འདེད་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་གྲུབ་འབྲས་འཕོ་འགྱུར་སྐུལ་འདེད་སྲོལ་ཡིག་ཅེས་པའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཚན་རིག་གྲུབ་འབྲས་འཕོ་འགྱུར་ལ་མཐོང་ཆེན་བྱེད་པ་ནི་འཛམ་གླིང་འགྲན་རྩོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཚན་རིག་ལག་རྩལ་དེ་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པ་དངོས་འབེབས་བྱེད་པའི་གནད་འགག་ཡིན་ལ། ཚན་རིག་དང་དཔལ་འབྱོར་ཟུང་འབྲེལ་གྱི་རྣམ་པ་ལེགས་པོའང་ཡིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་བ་ནི། འཕེལ་རྒྱས་གཞུང་ལུགས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་ཡིན་ལ། གསར་གཏོད་ཀྱིས་ཞབས་ཕྱི་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་གསར་པའི་རྣམ་པར་ཞུགས་པའི་བྱེད་ཐབས་གལ་ཆེན་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་བྱེད་ཐབས་ཀྱིས་མཐོ་ས་དང་། ས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་དང་འགན་སྲུང་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་འགན་འཁྲི་ཁག་ཁུར་ལ་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དངོས་འབེབས་དང་། ཆབ་སྲིད་དབང་ཤུགས་སྲུང་སྐྱོང་ལ་འགན་སྲུང་བྱེད་པ་ཡིན་ལ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་གནས་སྟངས་ལ་སྐུལ་འདེད་གཏོང་བའང་ཡིན་པས། ཆབ་སྲིད་གླེང་བའི་མཐོ་གནས་ནས་ལངས་ཏེ་ཁྲིམས་བསྟར་ཞིབ་བཤེར་བྱ་བའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ཞིབ་བཤེར་བྱེད་ན་གནད་འགག་གི་གོ་རིམ་གསུམ་དམ་འཛིན་བྱེད་དགོས་ཏེ། གཅིག རྩ་འཛུགས་གྲ་སྒྲིག་བྱ་བ་ཞིབ་ཚགས་ལྡན་པར་བྱས་ཏེ། དོན་དངོས་ཕན་འབྲས་ལྡན་པའི་སྒོ་ནས་ཞིབ་བཤེར་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས། གཉིས། སྐུལ་སྤེལ་ཤུགས་ཡོད་དང་གོ་རིམ་ལྡན་པར་བྱས་ཏེ། དུས་རིམ་དམ་འཛིན་བྱས་ནས། ཁྲིམས་བསྟར་ཞིབ་བཤེར་ཇུས་གཞི་ལྟར་བཀོད་སྒྲིག་ནན་མོ་བྱེད་པ་དང་། འགན་འཁྲི་དངོས་འབེབས། མཐུན་སྦྱོར་ལ་ཤུགས་སྣོན། རོགས་འདེགས་ཧུར་ཐག་བཅས་བྱས་ནས། ཁྲིམས་བསྟར་ཞིབ་བཤེར་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། གསུམ། ཞིབ་བཤེར་དངོས་ཕན་དོན་གཉེར་བྱས་ཏེ། འགལ་ཟླ་གཙོ་བོ་གཞིར་བཟུང་ནས། གནད་དོན་ཡང་དག་འཚོལ་བ་དང་། ལག་བསྟར་བྱས་ཆོག་པའི་བྱེད་ཐབས་འདོན་སྤྲོད་བྱས་ཏེ། ཚན་རིག་གྲུབ་འབྲས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཁྲིམས་སྲོལ་དངོས་འབེབས་མཐའ་འཁྱོལ་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།