ཉེ་ལམ། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི2022ལོའི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུའུ་རེན་རྒྱས་འཛོམས་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
མཱ་ཧའེ་དབྱིན་གྱིས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ན་ནིང་གི་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། 2021ལོར། སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་བཀོད་སྒྲིག་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་དང་ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས། བྱ་བ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས། ད་ལོའི་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ནས་ཁོས་ནན་གྱིས་བསྟན་དོན། ད་ལོར་དོན་བཟང་མང་བ་དང་དོན་ཆེན་མང་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་རྒྱུ་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་བ་བཟང་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བ་དང་བྱ་བ་གཙོ་བོར་དམིགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤེལ་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་མང་པོ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་སྤུས་འདེགས་ནུས་སྤེལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་མཇུག་བཟང་པོར་བསྡུས་པ་དང་གྲུབ་འབྲས་མངོན་གསལ་ཐོབ་པས། བྱ་བར་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ཡོད། འགུལ་སྐྱོད་ཐད་ནས་བླངས་པའི་གྲུབ་འབྲས་བཟང་པོ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་ཀྱི་འགོ་མཇུག་བར་གསུམ་ཏུ་ཁྱབ་པར་བྱེད་དགོས།