ཟླ3པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞོ་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་གསར་དུ་བཟོ་བཅོས་བྱས་པའི་བཟོ་ཚོགས་བཅའ་ཁྲིམས་སྒྲོག་འགྲེལ་བྱས་པར་མ་ཟད། མཚོ་སྔོན་ཧྭ་ཆིན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི་ལ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་གནས་ཚུལ་ལ་རྟོག་ཞིབ་བྱས།
མ་ཅི་ཞོ་ཡིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་དུ་ཡར་བརྩོན་སྟོབས་ཤུགས་དང་ལེན་བྱེད་དགོས་ལ། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་པར་མ་ཟད། ནུས་ཤུགས་གང་ཡོད་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་ཡིན་ཞེས་བཏོན་པའི་རེ་བ་ནན་མོ་ལག་ལེན་བཟང་པོ་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི་བཟོ་ཚོགས་བཅའ་ཁྲིམས་ཀྱི་དོན་སྙིང་དང་ནང་དོན་གལ་ཆེན་ལ་ངོས་འཛིན་གསལ་པོ་བྱས་ཏེ། ཁྲིམས་ལྟར་བཟོ་ཚོགས་འཛུགས་སྐྲུན་བྱེད་པ་དང་ཁྲིམས་ལྟར་བཟོ་ཚོགས་ལ་དོ་དམ་བཟང་བོ་བྱེད་པ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཁྲིམས་ལྟར་དབང་ཆ་སྲུང་སྐྱོང་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས།