ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་འོག་རིག་དངོས་སྲུང་སྐྱོང་དོ་དམ་སྲོལ་ཡིག》ཅེས་པ་ཁྱབ་བསྒྲགས་བྱས་ཏེ། 2022ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་སྲོལ་ཡིག་ལག་བསྟར་བྱ་རྒྱུ་རེད། བཟོ་བཅོས་བརྒྱབ་རྗེས་ཀྱི་སྲོལ་ཡིག་གིས་གཙོ་བོ་ཆུ་འོག་རིག་དངོས་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་ལམ་སྲོལ་སྔར་ལས་མཐུན་སྦྱོར་ཡོང་བར་བྱས་པ་དང་། འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས། ཆུ་འོག་རིག་དངོས་སྲུང་སྐྱོང་ལག་ལེན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ། ཆུ་འོག་རིག་དངོས་སྲུང་སྐྱོང་གི་མཉམ་ཤུགས་གྲུབ་པར་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས། ཆུ་འོག་རིག་དངོས་སྲུང་སྐྱོང་དོ་དམ་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱུའི་གཏན་འབེབས་བྱས།
སྲོལ་ཡིག་གིས་ད་དུང་བཅའ་ཁྲིམས་འགན་འཁྲིའི་འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་ཚང་དུ་བཏང་ནས། ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད།