ཟླ1པོའི་ཚེས28ཉིན། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། 2021ལོའི་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང2022ལོའི་ལས་འགན་བཀོད་སྒྲིག་བྱས། གྲོས་ཚོགས་ཀྱི་སྔོན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཡིས་བཙོན་ཁང་གི་བྱ་བར་བླང་བྱ་བཏོན།
གྲོས་ཚོགས་སྟེང་བསྟན་དོན། 2021ལོར་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་མ་ལག་གིས་བདེ་འཇགས་བཙོན་ཁང་དང་ཁྲིམས་སྐྱོང་བཙོན་ཁང་འཛུགས་སྐྲུན་ལ་དམིགས་ནས་ནམ་ཡང་ཏང་གི་བཙོན་ཁང་བྱ་བའི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔུང་སྡེའི་སློབ་གསོ་དག་ཐེར་ཏན་ཏིག་གིས་སྤེལ་ནས་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་མོ་བཏང་སྟེ། བསྟུད་མར་ལོ་ཉི་ཤུ་ལ་ལྟ་རྟོག་བདེ་འཇགས་ཐད་ཀྱི་མེད་པ་བཞིའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཉེས་ཅན་སྐོར་ཞིག་སྤྱི་དམངས་ཚད་ལྡན་དུ་བཏང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་དྲང་ཕྱོགས་ཀྱི་རྒྱུ་རྐྱེན་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། མི་དམངས་བདེ་འཇགས་ཐད་བྱས་རྗེས་གལ་ཆེན་བཞག་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། 2022ལོར་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱེད་པ་དང་། བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་བྱེད་དགོས། མཚོ་སྔོན་གྱི་བཙོན་ཁང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་གཅིག་གསུམ་གཉིས་ལྔའི་འཆར་འགོད་དམིགས་འབེན་ལ་དམིགས་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་བཙོན་ཁང་དང་ཁྲིམས་སྐྱོང་བཙོན་ཁང་འཛུགས་སྐྲུན་བྱེད་པ་གཞི་འཛིན་སར་བྱས་ནས་ནུས་ཤུགས་ཡོད་རྒུས་བཙོན་ཁང་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།