མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་པ།

  2022-02-07 10:35:33 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་འདས་པའི་ལོ་གཅིག་རིང་གི་བཅོས་སྒྱུར་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། གོ་རིམ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ལ། བློ་བརྟན་འགྱུར་མེད་ཀྱིས་གཏན་ཁེལ་གཉིས་ལ་བརྟེན་ནས་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ལ། སྲུང་སྐྱོང་གཉིས་ལག་བསྟར་བྱས་པ་དང་། ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་བྱ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་ཟབ་ཏུ་བཏང་སྟེ། ལོ་འགོར་གཏན་ཁེལ་བྱས་པའི་བཅོས་སྒྱུར་ལས་འགན་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་པོ་བླངས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་བཅོས་སྒྱུར་ཁྲོད་གནས་པའི་གཙོ་གནད་དང་དཀའ་གནད་སོགས་འབུར་ཐོན་གནད་དོན་དང་གནད་འགག་དུས་རིམ་ལ་དམིགས་ནས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་བཀག་སྡོམ་ལྟ་སྐུལ་ཐད་ཀྱི་མ་ལག་ཆེན་པོ་ལྔ་འཛུགས་སྐྲུན་དང་ཁྲིམས་བསྟར་ཁྲིམས་འཛིན་འགན་འཁྲིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་སྤེལ་བའི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མཐོ་ཚད་དུ་འགྲེང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་དམིགས་ནས། ཐབས་མང་མཉམ་སྤྱོད་ཀྱིས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ་དང་། ལས་འགན་གཙོ་བོ་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་པོ་ལེན་པ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་གསར་པའི་ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་བྱ་བར་འཆར་འགོད་བྱས་ཏེ། ཧུར་ཐག་གིས་ཁྱད་ཆོས་ལྡན་པ་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་དཔེ་མཚོན་ཁྱད་ཆོས་སྐོར་ཞིག་བསྐྲུན་པ་དང་། ཁྲིམས་འཛིན་སྲིད་འཛིན་བཅོས་སྒྱུར་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།